e-texts navigator
Collection
Volume
Page
Wylie

172a1 སྤོས་མེ་ཏོག་དང་།།མར་མེ་དྲི་ཆབ་གང་ཕྱིར་བརྗོད།།རྣམ་རྒྱལ་གཤིན་རྗེ་བཤེད་པོ་དང་།།རྟ་མགྲིན་བདུད་རྩི་འཁྱིལ་པ་ཅི།།ལྕགས་ཀྱུ་ཞགས་པ་ལྕག་པ་སྒྲོབ
172a2 དང་།།དྲིལ་བུ་ཞེས་པ་དང་ཕྱིར་བརྗོད།།ཡིད་དང་ཆོས་བཟངས་གཉིས་ཀྱི་ཕྱིར།།གཙོ་བོས་བདག་ལ་ངེས་པར་གསུངས།།གང་ཕྱིར་ཐུན་མོང་མ་ཡིན་པའི།།ནང་དང་གསང
172a3 བའི་གླིང་བཞི་ལས།།སྟོན་པ་བསྟན་པ་གནས་དང་འཁོར།།དུས་དང་སྡུས་པ་ཇི་ལྟར་བརྗོད།།གྲགས་པ་ཐུན་མོང་གླེང་གཞི་ལྔས།།སྟོན་པ་འཁོར་གནས་དུས་ཇི་ལྟར།།
172a4 བསྟན་པ་སྡུད་པ་ཇི་ལྟ་བུ།།སྐྱེས་བུ་ཆེན་པོས་བཤད་དུ་གསོལ།།འདི་ནི་གླེང་བཞིའི་དྲི་བ་ཚིག་སུ་བཅད་པའོ།།ཐུན་མོང་ཐུན་མོ་མཱ་ཡིན་པའི།།གླེང་བསླང་གཉི་སུ་ཅི་ཕྱིར་འགྱུར།།
172a5 གང་གིས་གང་ལ་བླང་བསྲུང་ཞིང་།།ཐབས་དང་འབྲས་བུ་ཅི་ཡིན་སྟོན།།ཐུན་མྱོང་ཐུན་མོང་མ་ཡིན་པའི།།སེམས་ལྔ་ཡེ་ཤེས་ལྔ་ཡི་རིམ།།གང་དང་འབྲེལ་པ་བཤད་དུ
172a6 གསོལ།།འདི་ནི་བླང་བའི་ཚིག་སུ་བཅད་པའོ།།སྐྱེས་བུ་ཆེན་པོ་སྟོན་པའི་གཙོ།།སྒྱུ་འཕྲུལ་དྲ་བར་མངའ་བརྙེས་ཤིང་།།ཕུན་སུམ་ཚོགས་པ་ཆོས་ཀྱི་རྗེ།།གཟི་བརྗེད
172a7 ཕུང་པོ་ཕུན་སུམ་ཚོགས།།བལྟ་བྱ་གང་ལ་ཅི་ཡི་ཕྱིར།།གང་གིས་རྟོགས་པར་ཇི་ལྟར་འགྱུར།།རྟོགས་དང་མ་རྟོགས་ཁྱད་པར་ཅི།།རྟོགས་པའི་སྒོ་ནི་དེ་རུ




iiif viewer powered by OpenSeadragon

171b - 172b

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud