e-texts navigator
Collection
Volume
Page
Wylie

171b1 མཧོ།།སངས་རྒྱས་ཀུན་གྱི་གདང་།།རྟོག་པ་ཀུན་གྱི་རྒྱལ་པོ་སྟེ།།ཆོ་ག་རྒྱས་པར་བསྟན་པའི་རྒྱུད།།དྲི་མེད་ཟབ་མོ་བརྟག་དཀའ་བ།།འདུལ་བ་མདོ་སྡེ་ཆོས་མངོན་དང་།།དམ་ཚིག་བསྒྲུབ་དྲང
171b2 གྲུབ་པ་དང་།།སྐུ་གསུང་ཐུགས་ཀྱི་ཆོ་གའི་རྒྱུད།།མུ་ལུས་གཏན་ལ་འབེབས་པ་འདི།།རྡོ་རྗེ་སེམས་པ་ཇི་ལྟར་ལགས།།སྒྱུ་འཕྲུལ་གང་གིས་བསྟན་པ་དེ།།དྲ་བའི་རྒྱུད་དེ་གང་ཕྱིར
171b3 བསྟན།ལུང་ནི་གང་ཕྱིར་བརྗོད་པ་ཉིད།།གང་ཕྱིར་སྤྱི་ཞེས་བྱ་བར་བཤད།།གསང་བ་ཞེས་ནི་ཇི་ལྟ་བུ།།སྙིང་པོའི་དོན་ནི་ཅིའི་ཕྱིར།།དེ་ཁྲོ་ཉིད་ཅེས་ཇི་ལྟར་བརྗོད།།ངེས་པ་ཞེ
171b4 པ་ཅི་ཡི་ཕྱིར།།མཚན་འདི་གང་ཟག་གང་ལ་གསུངས།།མཚན་གྱི་དྲི་བ་དྲིས་པའོ།།ཐུན་མོང་ཁྱད་པར་ཚུལ་ཉིད་ཀྱི།།སྟོན་པ་ཞེས་ནི་ཅིའི་ཕྱིར།།གནས་དང་འཁོར་ནི་ཇི་ལྟ་བུ།།།
171b5 དུས་དང་སྡུད་པ་ཇི་ལྟ་བུ།།མི་བསྐྱོད་པ་ནི་ཇི་ལྟར་བྱ།།རྣམ་པར་སྣང་མཛད་ཇི་ལྟར་བརྗོད།།རིན་ཆེན་འབྱུང་ལྡན་གྲང་གི་ཕྱིར།།སྣང་བ་མཐའ་ཡས་གང་གི་ཕྱིར།།དོན
171b6 ཡོད་གྲུབ་པ་ཇི་ལྟ་བུ།།སྤྱན་དང་ན་མཁའི་དབྱིངས་མ་དང་།།གོས་དཀར་མོ་དང་མཱ་མ་ཀི།སྒྲོལ་མ་ཞེས་པ་གང་གི་ཕྱིར།།སའི་སྙིང་པོ་ཅིའི་ཕྱིར།།ནམ་སྙིང་སྦྱིན་རས
171b7 གཟིགས་དབང་དང་།།ཕྱག་ནི་རྡོ་རྗེ་གང་ཕྱིར་བརྗོད།།སྒེག་མོ་ཕྲེང་དང་གླུ་གར་ཅི།།བྱམས་དང་སྒྲིབ་སེལ་ཀུན་བཟང་དང་།།འཇམ་དཔལ་ཞེས་པ་ཅི་ཡི་ཕྱིར།།དུས་བཞི་བདུག




iiif viewer powered by OpenSeadragon

171a - 172a

Texts on this page

N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud