e-texts navigator
Collection
Volume
Page
Wylie

171a1 སྐྱེས་པ་ཡིན།།ས་རབ་རིག་པ་འཛིན་ལ་གནས།།ཞེས་བརྗོད་པས།དེ་བཞིན་ག་ཤོགས་པ་ཐམས་ཅད་དབྱེར་མེད་པར་དཔྱོབ་ནས་དུས་པན་མཉམ་པ་ཉིད་ཏུ
171a2 དབྱིངས་སྐུ་གསུངས་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྐྱེན་ཉིད་དུ་བཞུག་སོ།།འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲི་བོའི་ལེའུ་སྟེ།སྟོང་ཕྲག་བརྒྱ་ལས་མཚན་ཉིད་དང་རྒྱུད
171a3 ཐམས་ཅད་ཀྱི་ལུང་གི་སྤྱི།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས་ཐམས་ཅད་མ་ལུས་པར་སྤྲོས་ཏེ་འཁོར་ལོ་བསྐོར
171a4 བ་དེ་དག་གི་འབྲས་བུའི་མཆོག།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པ་དང་ཡོངསུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོག་སོ།།།།རྒྱ་གར་སྐད་དུ།
171a5 བཛྲ་སཏྭཱ་མཱ་ཡཱ་ཛ་ལ་གུ་ཧྱ་སརྦ་ཨཱ་དྲར་ཤཱ་ནཱ་མ་ཏན་ཏྲ།བོད་སྐད་དུ།རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བའི་རྒྱུད།ོཾ་རྣམ་པར
171a6 སྣང་མཛད་ལ་ཕྱག་འཚལོ།།ཧཱུཾ་མི་སྐྱོད་པ་ལ་ཕྱག་འཚལོ།།ོཾ་སྣང་བ་མཐའ་ཡས་ལ་ཕྱོག་འཚལོ།།དེ་ནུས་དཔལ་ལྡན་རྡོ་རྗེ་འཆང་།།རྒྱལ་བ་ཀུན་གྱི་གསུང་བའི་བདག
171a7 ཀུན་གྱིས་དབང་བསྐུར་གཏེར་འཛིན་པས།།དགྱེས་ཤིང་སྤྱན་གདངས་གུས་བཅས་པས།།རྒྱལ་བ་ཀུན་ལ་བསྟོད་བསྐོར་ནས།།སྤྱན་སྔར་གུས་འདུག་འདི་སྐད་གསོལ།།ོཾ




iiif viewer powered by OpenSeadragon

170b - 171b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa
N749 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud