| | e-texts navigator
|
408a1 ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ།།བཀའ་འདི་ལ་དབུ་ཞབསུ་བྱུང་ཚུལ་བཅུ་གཉིས་པ།
408a2 ལེའུ་བདུན་ཅུ་རྩཝ་ལྔ་པ།བམ་པོ་བཅུ་དང་།ཤུ་ལོ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས།།།བོད་སྐད་དུ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང
408a3 བ།གསང་བའི་མཛོད་ཆེན་པོ་མི་བཟད་པ་གཏེར་གྱི་སྒྲོན་མ།བརྟུལ་ཞུགས་ཆེན་པོ་བསྒྲུབ་པའི་རྒྱུད།ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།
408a4 བཅོམ་ལྡན་འདས་དཔལ་ཡེ་ཤེས་རྔམ་པའི་རྒྱལ་པོ་ལ་ཕྱག་འཚ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དཔལ
408a5 ཀུན་ཏུ་བཟང་པོ་ཆེན་པོ་ཡེ་ཤེས་རྔམ་པའི་རྒྱལ་པོ་ཞེས་བྱ་བ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་བདེ་བར་གཤེགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་སྐུ
408a6 གསུང་ཐུགས་རྡོ་རྗེ་མ་ཕྱེད་པའི་བདག་ཉིད་ཆེན་པོ།།གསོང་བ་མཆོག་གི་དགྱེས་པ་ན།ལྷུན་གྱིས་གྲུབ་པའི་ལོངས་སྤྱོད་ཆེན་པོ།།ཆོས་མ་ལུས་མི་ལུས་ལུས་པ་མེད
408a7 ཐམས་ཅད་ཀྱི་རང་བཞིན་ཆེན་པོ།།ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོའི་བདག་ཉིད་དེ་འོག་མིན་གྱི་གནས་མཐོའ་དང་དབུས་བརྗོད་དུ་མེད་པ་ན་རང་བཞིན་ལྷུན་གྱིས
iiif viewer powered by OpenSeadragon
407b - 408b