| | e-texts navigator
|
407a1 ལས་མེད།།དེ་བཞིན་བསམ་གྱིས་མི་ཁྱུབ་པའོ།།རྣམ་གྲངས་ཆོས་སུ་ཛ་སྤྱད་ཀྱང་།།བཀྲིད་པས་དྲང་བའི་ཚིག་ཡིན་ཏེ།།བསམ་པའི་ཡུལ་ནི་གཅིག་པར།།
407a2 དོན་རྣམས་གཅིག་ཏུ་བསྡུས་པ་ཡི།།བསླབ་པར་བྱ་བ་དམ་པ་སྟེ།།ངེས་པར་གཅིག་ལས་མེད་པའི་ཕྱིར།།ཀུན་འདུས་དམ་པའི་བསླབ་པར་གཅེས།།དམ་པ་འདིར་འདུས་ཀུན
407a3 ཤེས་ན།།དེ་ཡི་ཡེ་ཤེས་མཐའ་ཡས་ཏེ།།རྣམ་པ་ཐམས་ཅད་མཁྱེན་ཉིད་པས།།མདོ་དོན་གཅིག་ཏུ་བསྡུས་པར་གསུངས།།གྲོགས་པོ་དག་དེ་དག་ནི་དེ་བཞིན་གཤེགས
407a4 ཐམས་ཅད་དགོངས་པ་དེ་ཁོ་ན་ཉིད་གཅིག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་བཤད་པ་སྟེ།ཐམས་ཅད་ཀྱི་མདོ་དེ་ཁོ་ན་ཉིད་དུ་འདུས་པར་ཤེས་པར་བྱའོ།།
407a5 དེ་སྐད་ཅེས་སྨྲས་པས།དམན་པ་དམ་པ་རྣམས་གཅིག་ཏུ་ངེས་པ་དམ་པ་རྙེད་པར་གྱུར་ཏོ།།དེ་ནས་གསང་བ་པའི་བདག་པོ་ཉིད་ལ་དམན་པ་དམ་པ་རྣམས་ཡིད་རངས་ཏེ།
407a6 མངོན་པར་བསྟོད་པ།ེ་མ་ཧོ།སྐྱེས་ཆེན་གསང་བའི་བདག།རྩལ་ཆེན་སྒྲུབ་སེང་གེའི་སྒྲ།།དེ་བཞིན་གཤེགས་པ་ཀུན་གྱི་ཐུགས།།སངས་རྒྱས་ཀུན་སྟེན་ཡེ་ནས་བྱུང་།།
407a7 ཁྱོད་ནི་སངས་རྒྱས་ཀུན་གྱི་མེས།།ཚེ་མཆོག་རྗེ་བརྩན་དམ་པའི་སྐུ།།བདེ་གཤེགས་ཀུན་གྱི་བཤེས་གཉན་མཆོག།སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།།ཀུན་གྱི་གྱུ
iiif viewer powered by OpenSeadragon
406b - 407b