e-texts navigator
Collection
Volume
Page
Wylie

406a1 དུ།མུན་པས་འཐེབས་པ་དེ་དག་གིས།།མི་གཡོ་མི་རྟོགས་དེ་ཉིད་བལྟ།།དེ་མཐོང་མུན་པ་རྣམ་དག་སངས།།འགྱོད་སངས་ཀུན་གྱི་མཆོག་ཏུ
406a2 བཤད་ཅེས་ཚངས་པ་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།མི་འཐུན་གཉེན་པོ་མི་དམིགས་པ།།སྟོང་པ་ཉིད་ཀྱི་ཆོས་ཉིད་ལ།།གནས་པ་གང་ཡིན་དེ་དག་གིས།།
406a3 གཉེན་པོ་བསྟན་དུ་ཅི་ཡང་མེད་ཅེས་ལ་བཅད་པ་དམ་པར་བསྔག་སོ།།ལ་ལ་ནི་འདི་སྐད་དུ།ཐམས་ཅད་རང་བཞིན་མ་བཅོས་པ།།ཇི་བཞིན་པ་ཡི་དེ་བཞིན་དུ།
406a4 རང་རིག་བླ་ན་མེད་པ་ཡི།།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ།།ཞེས་སེམས་བསྐྱེད་པ་རྣམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།ཅི་ཡང་མི་སེམས་མི་གཡོ་ཞིང་།།
406a5 མི་རྟོག་རྣམ་པར་མི་གཡེང་བ།།ཀུན་ལ་ཁྱབ་པར་བདལ་བའི་དབྱིངས།།ཀུན་ཤོང་བྱ་མེདོ་ཐེག་ཆེན་མཆོག་ནི་ས་ཐེག་པ་ཆེན་པོའི་གསང་བ་དམ་པར་བསྔགསོ།།ལ་ལ་ནི་འདི
406a6 སྐད་དུ།ཐེག་ཆེན་གསང་བའི་སྙིང་པོ་འདི།།དབུ་མར་མི་དམིགས་མཐའ་ལས་འོདས།།གང་འདིར་དབུ་མར་འདོད་པ་དག།མཐའ་ལས་འདས་པར་ག་ལ་འགྱུར་ཞེས་དབུས
406a7 མཐར་མི་དམིགས་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་།།མི་མཐོང་སེམས་ཅན་སེམས་མི་མཐོང་།།སངས་རྒྱས་མི་མཐོང་གང




iiif viewer powered by OpenSeadragon

405b - 406b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo