| | e-texts navigator
|
405b1 བཅོས་དེ་བཞིན་ཉིད་འདི་ལ།།རྟེན་འབྲེལ་རྒྱུ་འབྲས་རིམ་གྱིས་མེད།།ཅེས་ངེས་པར་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།མ་བཅོས་དེ་བཞིན་ཉིད་འདི་ལ།།ཡིད་བཞིན
405b2 ཅིར་ཡང་འབྱུང་བ་ཡི།།ཆོ་འཕྲུལ་འབྱུང་བས་སེམས་ཅན་རྣམས།།ཇི་ལྟར་འདུལ་བ་མཐོང་ཐོས་སྣང་།།ཞེས་ཐམས་ཅད་རྒྱུ་མེད་པ་ལ་བསྟུག་སོ།།ལ་ལ་ནཱི་འདི་སྐད་དུ།
405b3 ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།།ག་སྲང་བུའི་དབྱིངས་ན་གནས་པ་ཡི།།ཐམས་ཅད་གསང་བའི་སྙིང་པོ་ཉིད།།མཐོང་བས་འགྲོ་དོན་རྒྱ་མཚོར་རྫོགས།།ཤེས་ཐམས་ཅད
405b4 ལྷུན་གྱིས་གྲུབ་པར་བསྔག་སོ།།ལ་ལ་ནི་འདི་སྐད་དུ།དངོས་པོ་མེད་པའི་ངོ་བོ་ཉིད།།དེ་མཐོང་ངོ་བོ་ཉིད་མི་དམིགས།།དྲན་མིང་བྱ་དང་བྱེད་མེད་པ།།གནས་གསུམ
405b5 མེཉམ་ཉིད་རྗེསུ་དྲན།།ཞེས་ཏིང་ངེ་འཛིན་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།གནས་གསུམ་དམིགས་པའི་འདུ་ཤེས་མེད།།མིང་མེད་ཚིག་གི་ལམ་དང་བྲལ།།
405b6 བླ་མེད་འདུས་མ་བྱས་པ་ཡི།།མཆོད་པ་ཡང་དགྲ་མཆོག་ཏུ་བཤད།།ཅེས་མཆོད་པ་དམ་པར་བསྔག་སོ།།ལ་ལ་ནི་འདི་སྐད་དུ།བསྐལ་པ་བྱེ་བ་དཔག་མེད་དུ།།ལོག
405b7 ཅིང་ཞན་པོའི་མུན་པ་གསུམ།།དེ་ཉིད་ཚུལ་བཞིན་སྐད་ཅིག་མ།།ཀུན་གསལ་གཅིག་གིས་ཡོང་དུ་སངས།།ཤེས་གསང་བ་དམ་པར་བསྔག་སོ།།ལ་ལ་ནི་འདི་སྐད
iiif viewer powered by OpenSeadragon
405a - 406a