| | e-texts navigator
|
405a1 དེ་ནི་ཟད་མྱི་འགྱུར།།ཞེས་གསུང་མི་ཟད་པ་དམ་པར་བསྡུག་སྷོ།།ལ་ལ་ནི་འདི་སྐད་དུ།སྒྲ་བརྗོད་ཚིག་ལ་གང་དག་པས།།གང་གིས་དགོངས་པ་དཔོག་མི་ནུམ
405a2 ཚིག་ཚོགས་རྒྱ་མཚ་ཐོས་པ་མིན།།ཚིག་གཅིག་གོ་ཐ་ཐོས་པའི་མཆོག་ཅེས་ཐོས་པ་རྒྱ་མཚོའི་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།ཁྱབ་དང་མི་གནས་རྣམ་མི་རྟག།
405a3 མ་བྲལ་མི་གཡོ་མ་ཆགས་པ།།དེ་ཉིད་ལས་ནི་གཞན་མེད་དེ།།ཕ་རོལ་ཕྱིན་པ་དེ་ཁོ་ན་ཞེས་མཐར་སོན་པ་དམ་པར་བསྔག་སོ།།ལ་ལ་ནི་འདི་སྐད་དུ།འདོན་བརྗོད་འདྲི་ཀློག
405a4 དོན་བྱེད་པ།།དམུས་ལོང་དམུ་རྒོད་རྒྱུག་པ་འདྲ།།དབྱིངས་ཀྱིས་དབྱིངས་ལ་བྲིས་པའི་དྲིན།།གང་རིག་འདོན་བརྗོད་འདི་ཀློག་མཆོག།ཅེས་སྤྱོད་པ་དམ་པར་བསྔགས།།ལ་ལ་ནི
405a5 འདི་སྐད་དུ།མཚན་མར་བྱས་དང་སྣང་བའི་མཆོག།མ་འདྲེས་ཡོངསུ་རྫོགས་པ་ཡི།།མཁའ་དང་འཇའ་ལྟར་རྣམ་རིག་པ།།བསྔོ་བ་བློ་མེད་བྱང་ཆུབ་ཉིད།།ཅེས་བསྔོ།
405a6 བ་དམ་པར་བསྔགས།།ལ་ལ་ནི་འདི་སྐད་དུ།ཆོས་གང་སེམས་ཀྱི་དེ་ཉིད་ལ།།གཉིས་དང་མཐའ་རྭ་གང་ལྟ་བ།།མ་རིག་འཁྲུལ་པས་ཕྱིན་ཅི་ལོག།ཐེག་ཆེན་གསང
405a7 སྔགས་ལམ་ལས་ལོག་ཅེས་གདམས་ངག་དམ་པར་གསུངསོ།།ལ་ལ་ནི་འདི་སྐད་དུ།རྒྱུ་རྐྱེན་རྟེན་འབྲེལ་རིམ་གྱིས་པ།།བློ་ཆུང་རྨོངས་པོས་ཁྲིད་པའི་ཐབས།།མ
iiif viewer powered by OpenSeadragon
404b - 405b