e-texts navigator
Collection
Volume
Page
Wylie

404b1 ན།།གཞན་གྱིས་འཛག་པར་གལ་འགྱུར།།ཞེས་རང་བཞིན་དམ་པར་བསྔགས།།ལ་ལནི་འདི་སྐད་དུ།བད་ཆེན་རྣམ་དག་རྟོག་བྱུང་བས།།ལེགས་ཉེ་སཱ་གནྡྷ་ཀ་རྣམ་པར་རྟོག
404b2 བདེརྒྱན་ངེས་པའི་རླུང་ཞུགས་ན།།གང་འདིར་རྣམ་པར་རྟོག་པ་མེད།།ཅེས་ཡོངསུ་རྟོག་པ་ལས་འདྲེས་པར་བསྔགས།།ལ་ལ་ནི་འདི་སྐད་དུ།དེ་ཉིད་ཕྱིན་ཅི་མ་ལོག་པར།།བསྲུང
404b3 བྱ་མི་རྟོག་མི་གནས་པ།།ལེ་ལོ་གཡེང་བའི་དགྲ་བསྲུང་སྟེ།།དེ་བཞིན་དེ་ལས་འདའ་མི་བྱ་ཞེས་ཚིགས་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།དཔག་ཏུ་མེད་པའི་འཇིག
404b4 རྟེན་དུ།སྒྲོན་མ་བསམ་གྱིས་མི་ཁྱབ་པས།།ཇི་སྙེད་པ་ཡེ་ཆོས་བསྟན་པ།།མཐའ་ཡས་དོན་ནི་གཅིག་ཏུ་འདུས།།ཞེས་པར་བསྔགསོ།།ལ་ལོ་ནི་འདི་སྐད་དུ།དེ་ཉིད་དེ་ལས་མ
404b5 ཉམས་ན།།དྲན་བསམ་སྒྱུ་མ་མེད་པ་ཡི།།ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཉིད།།བསླབ་པ་རྣམས་གསུམ་ཡོངསུ་རྫོགས་ཤེས་བསླབ་པ་དམ་པར་བསྩག་སོ།།ལ་ལ་ནི་འདི
404b6 སྐད་དུ།དེ་ཉིད་ལས་མཐའ་ཞི་གནས་དང་།།ལྷག་པའི་དོན་མཐོང་འདྲེས་པ་ཡི།།སྡེ་གསུམ་ངེས་པར་རྫོགས་པ་ན།།འབུམ་ཕྲག་མཐའ་ཡས་བརྗོད་མི་ལང་།།ཞེས་བཀྲི་དྲང
404b7 །བརྒྱད་པ་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།ཚིག་ལ་དབང་བས་ཚིག་བསྒྱུར་ན།།ཚིག་མཐའ་ཡས་པས་བསྡུས་ན་འདུས།།ཚིག་གཅིག་རྣམ་པར་སྤྲོས་གྱུར་ན།།བརྗོད་པ




iiif viewer powered by OpenSeadragon

404a - 405a

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo