| | e-texts navigator
|
404a1 བདེ་མཆོག་དོན་ལ་རེག་པ་ཉིད་ཅེས་ཡན་ཏན་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།ཅི་ཡང་མི་སེམས་གཏི་མུག་ལ།།དངོས་པོ་ཀུན་བཅོམ་ཞ
404a2 སྡང་ཉིད།།ཡེ་འབྱམ་ང་རྒྱལ་བདག་ཉིད་ཆ།།བདེ་ཆེན་རང་བཞིན་རྗེས་ཆགས་པ།།གང་དུ་མ་འགྱུར་གཞན་ཕྲག་དོག།ཅེས་བླང་དོར་མེད་པར་བསྔག་སོ།།ལ་ལ་ནི་འདི་སྐད་དུ
404a3 ཀུན་གྱི་རང་བཞིན་གཅིག་ཤེས་པས།།དེ་ཉིད་དབང་དུ་ཐམས་ཅད་འདུས།།ཀུན་ལ་དབང་སྒྱུར་ཐོས་པས་ན།།ཡི་དབང་ཆེན་པོ་རྫོགས་པའོ་ཞེས་དབང་དམ་པར་བསྔག་སོ།།ལ་ལ་ནི
404a4 འདི་སྐད་དུ།ཐམས་ཅད་ཀུར་འདུས་རིག་པའི་མེད།།ཀུན་ལ་ཁྱབ་གནས་བརྟག་དཀའ་བ།།ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཡིན།།རྡོ་རྗེ་ཀུན་བཀོད་རྣལ་འབྱོར་ལུང་ཞེས་བཀའ
404a5 དམ་པར་བསྔག་སོ།།ལ་ལ་ནི་འདི་སྐད་དུ།དེ་ཉིད་དང་ནི་ཀུན་གཅིག་པས།།བདག་དང་གཞན་དུ་སྣང་བ་མེད།།སྟོང་ཉིད་རྣམ་དག་ན་མཁའ་ལ།།གཙང་སླར་དབྱེ་བ་རྡུལ་ཡང
404a6 མེད།།ཅེས་བདུད་རྩི་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།བྱང་ཆུབ་སྙིང་པ་དམ་པ་ལ།།རྣམ་རྟོག་རྡུལ་གྱིས་ག་ལ་འགྲོ།།དེ་ཉིད་ཆེན་པོར་འབྲུ་ཆུང་བསོ།།ཅིས་ཀྱང
404a7 མི་བསྐྱོད་ཉམ་མིང་ཞེས་རི་དོགས་མེད་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།རྣམ་རྟོག་མཚན་མའི་རི་བོ་འདི།།སེང་གེའི་ཁོག་པ་རང་ཞིག་ལྟར།།སྟོང་ཉིད་རང་ཉིད་མ་ཞིག
iiif viewer powered by OpenSeadragon
403b - 404b