e-texts navigator
Collection
Volume
Page
Wylie

403b1 གསུང་བ་དམ་པ་འཕོག་པར་བསྔགས།།ལ་ལཱ་ནི་འདི་སྐད་དུ།མི་འགྱུར་མི་འཇིགས་རྡོ་རྗེ་དོན།།སྣ་རྫོགས་ཀུན་འབྱུང་རིན་པ་ཆེ།།མ་ཆགས་རྣམ་དག་པདྨོ་ཉིད།།ཐམས་ཅད་ལྡན
403b2 གྲུབ་མཛད་པ་ཆེ།།མ་ནོར་མ་བཅོས་དེ་བཞིན་ཉིད།ཅེས་ཡང་ངེས་པ་དམ་པ་བསྟན་ཏོ།།ལ་ལི་ནི་འདི་སྐད་དུ།སྟོང་ཉིད་གཟུགས་མེད་ཆོས་ཀྱི་སྐྱེ།།སྨན་མེད་ཡང་ལས་འདིས
403b3 པའི་གསུང་།།མཚན་མེད་རྟོག་ལས་འདུས་པའི་ཐུགས།།རྟོག་མེད་རེ་སྐོད་ཡོན་ཏན་མཛད།།ཐབས་ཀྱིས་གར་ཐབས་ཕྲིན་ལས་མཛད།།ཅེས་ཆེ་འཕྲུལ་སྣ་ཚོགས་འབྱུང
403b4 བར་བསྔགས།།ལྔ་ལ་ནི་འདི་སྐད་དུ།མི་རྟོག་ཆོས་ཀྱི་མེ་ལོང་གསལ།།གཉི་སུ་མེད་པས་ཐམས་ཅད་མཉམ།།སྣ་ཚོགས་མཚན་ཉིད་མ་འདྲེས་མཁྱེན།།ནན་ཏན་ཆེན་པོ་ཁྱབ
403b5 གྲུབ་མཛོད།།ཡེ་ཉིད་ཀུན་གྱི་རང་བཞིན་མཁྱེན།།ཞེས་ཡེ་ཤེས་རྒྱུན་དུ་འཆར་བར་བསྔག་སོ།།ལ་ལ་ནི་འདི་སྐད་དུ།སྣང་སྟོང་གོ་འབྱེད་ཀུན་ཁྱབ་མཁའ།།ཐག་དབྱིངས་ལ
403b6 ནི་ཀུན་གནས་ས།།ཞི་གནས་རྣམ་དག་ཆུ་ཆེན་པོ།།ལྷག་མཐོང་ཡེ་ཤེས་འོད་འབར་མེ།།ཤེས་བྱ་ཐོགས་མེད་འཐོར་བའི་རླུང་།།ཞེས་ཐམས་ཅད་འབྱུང་བར་བསྡོགས།།
403b7 ལ་ལ་ནི་འདི་སྐད་དུ།མ་འདྲེས་ཡོངས་རྫོགས་གསལ་སྡང་གཟུགས།།ཁྱབ་གསལ་རང་བཞིན་འགྲོ་བའི་སྒྲ།།དང་བས་སིམ་བྱེད་ཆོས་ཀྱི་བྲི།།དོན་བཅུ་ཉམ་སུ་མྱོང་བའི་རོ།།




iiif viewer powered by OpenSeadragon

403a - 404a

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo