| | e-texts navigator
|
402b1 པར་བསྔག་སོ།།ལ་ལ་ནི་འདི་སྐད་དུ།བསམ་གྱིས་མི་ཁྱབ་མི་ཤེས་པར།།བསམ་མེད་དྲང་དུ་གང་འཇོག་པ།།བྱིས་པ་དེ་ནི་བླུན་པ་སྟེ།།མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར།།ཞེས་ཀུན
402b2 ནས་བརྩེ་བ་དམ་པར་བསྔགས་སོ།།ལ་ལ་ནི་འདི་སྐད་དུ།བསམ་མེད་བསམ་གྱིས་མེ་ཁྱབ་ཆོས།།ལྷག་པོར་མཐོང་ནས་ཞི་གནས་པ།།རྣམ་རྟོག་སྤོང་ལེན་གང་བྱེད་པ།དེ་དག་སྒྲིབ
402b3 པཱ་མུ་མཐའ་ཡས་ཞེས་པ་ཤེས་གཉེན་དམ་པ་ཉིད་དུ་གདམ་སོ།།ལ་ལ་ནི་འདི་སྐད་དུ།སྣ་ཚོགས་སོ་སོ་ཀུན་རིག་ཀྱང་།།ཀུན་གྲོལ་རྣམ་དག་ལམ་མེད་ན།།དམ་པ་ཉིད་ལས
402b4 ཤིན་ཏུ་གོལ།།ནམ་ཡང་ངེས་པ་རྙེད་པ་མིན་ཞེས་བཀའ་དམ་པ་གདམ་སོ།།ལ་ལ་ནི་འདི་སྐད་དུ།སྣ་ཚོགས་རིམ་གྱིས་འཇུག་པ་དང་།བསམ་སྤྱོད་བློ་ཡི་ནང་དུ་འགྱུར།།བསམ
402b5 མེད་ཡོངས་སུ་རྫོགས་པའི་དོན།།རིམ་གྱིས་པ་ཡི་དུག་ཆེན་ཡིན།།ཞེས་ཁྱད་པར་དམ་པར་གདམ་ས།།ལ་ལ་ནི་འདི་སྐད་དུ།སྣ་ཚོགས་སོ་སོར་མ་རིག་པར།།དེ་བཞིན་ཉིད་དུ
402b6 ངེས་མ་རྙེད།།དེ་ཉིད་ངེས་པ་མ་རྙེད་ན།།སྣ་ཚོགས་སྨྲ་བ་རུང་མ་ཡིན།།ཞེས་ནན་ཏན་དམ་པར་གདམ་སོ།།ལ་ལ་ནི་འདི་སྐད་དུ།མཁའ་ལ་འཇའ་སྣང་ཇི་བཞིན་དུ།།བསམ་ཡས
402b7 བསམ་སྣང་དེ་བཞིན་ནོ།།གཅིག་ཏུ་ངེས་པ་མེད་པའི་གསུང་།།ཇི་ལྟར་འབྱུང་བ་དེ་ལྟར་ཡིན།།ཞེས་དཔག་དཀའ་བ་དམ་པར་གསུང་སོ།།ལ་ལི་ནི་འདི་སྐད་དུ།ཀུན་གྱི་རྩ་བ
iiif viewer powered by OpenSeadragon
402a - 403a