| | e-texts navigator
|
402a1 ཇི་བཞིན་པ་ཡི་དེ་ཁོ་ན།།སངས་རྒྱས་ཀྱིས་ཀྱང་བྱར་མེད་ན།།གང་གིས་བཅོས་ཏེ་སུ་ཡིས་བྱས།།བྱས་པ་པོ་ཞིག་ག་ལ་ཡོད།།ཅེས་གསང་བ་དམ་པར
402a2 བསྔགསོ།།ལ་ལ་ནི་འདི་སྐད་དུ།ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནི།།དེ་བཞིན་དེ་ཉིད་ཡིན་པས་ན།།དོ་ཁྱབ་གང་གིས་ཆོས་རྣམས་ཀུན།།རང་བཞིན་དག་པས་བསྒྲིབས་པ
402a3 མེད།།ཅེས་གསང་བ་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།དེ་ཉིད་མཚན་ཉིད་མེད་པ་ལྔས།།མཚན་ཉིད་སྣ་ཚོགས་པར་སྣང་བས།།ཀུན་འབྱུང་དབྱིངས་ཀྱི་རང
402a4 བཞིན་པས།།མེད་ལ་ཟད་མི་ཤེས་པར་མཛོད་ཅེས་གསང་བ་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།སྣ་ཚོགས་ཐེག་པའི་ལྟ་བ་དང་།།སྡོམ་པ་སྲུང་བའི་བྱ་བ་ཀུན།།།
402a5 སྤྱད་པར་བྱ་བ་མ་ཡིན་ཡང་།།ཀུན་ཀྱང་མ་འདྲེས་ཡོངསུ་རྫོགས་ཞེས་གསང་བ་དམ་པར་བསྔགས་སོ།།ལ་ལ་ནི་འདི་སྐད་དུ་དེ་ལ་ཕྱོགས་དང་དུས་མེད་པར།།གང་གིས
402a6 ཕྱོགས་དང་དུས་བརྟགས་པའི།།དེ་ཉིད་དེ་ལ་རྣམ་པར་སྣང་།།སངས་རྒྱས་ཀྱི་ནི་དེ་མི་མཁྱེན།།ཞེས་གསང་བ་དམ་པར་བསྔགསོ།།ལ་ལ་ནི་འདི་སྐད་དུ།བསམ
402a7 གྱིས་མི་ཁྱབ་ཀུན་ཤེས་ནས།།བསམ་དུ་མེད་པར་དེ་བཞག་ན།།དཔག་ཏུ་མེད་པའི་ཡོན་ཏན་འབྱུང་།།རྣམ་པ་ཐམས་ཅད་མཁྱེན་པ་ཡིན།།ཞེས་གསང་བ་དམ
iiif viewer powered by OpenSeadragon
401b - 402b