| | e-texts navigator
|
401a1 མྱ་ངན་འདས་ཞེས་དྲལ་བྱ།།སྟོང་ཉིད་རང་བཞིན་རྣམ་དག་ལ།།དེ་ཉིད་མི་གནས་བྱང་ཆུབ་སེམས།།ཞེས་གསང་བྱའི་ཚིག་ཏུའོ།།ཡང་བཅོམ་ལྡན།།
401a2 འདས་རྣམ་པར་རྒྱལ་པོ་ཉིད་དག་པས་འདི་སྐད་དུ།རྣམ་རྟོག་ཆུ་བའི་རྐུ་མགོ་སྟེ།།སྟོང་ཉིད་ཞིང་དུ་མོ་བསྒྱུར་ན།།འཁོར་བའི་རྒྱ་མཚོ་གཡེང་འགྱུར་བ།།དེ་མི་ཤེས
401a3 ལ་དེ་ལྟར་སྣང་ཞེས་གསང་བའི་ཚིག་ཏུའོ།།ཡང་བཅོམ་ལྡན་འདས་མེ་ཏོག་བཀོད་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།ཇི་བཞིན་པ་ཡི་དེ་བཞིན་ཉིད།།
401a4 ཐམས་ཅད་འབྱུང་བའི་མ་ཡིན་པས།།ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན།།སེམས་ཅན་སངས་རྒྱས་ཀུན་གྱི་གནས་ཞེས་གསང་བའི་ཚིག་ཏུའོ།།ཡང་བཅོམ་ལྡན་འདས
401a5 ཐམས་ཅད་སྣང་བ་ངོ་བོ་ཉིད་དག་པས་འདི་སྐད་དུ།སྟུག་པོ་བཀོད་པའི་སངས་རྒྱས་དང་།།སེམས་ཅན་རྣམ་པ་ཐམས་ཅད་དག།དངོས་པོ་བརྟན་གཡོ་ལ་སོགས་པ།།དེ་ཉིད
401a6 ལྔས་བྱུང་དངོས་མེད་སྐུ་ཞེས་གསང་བའི་ཚིག་ཏུའོ།།ཡང་བཅོམ་ལྡན་འདས་ཡིད་དང་ངོ་བོ་ཉིད་དག་པས་འདི་སྐད་དུ།རང་འབྱུང་ཡེ་ཤེས་རྩ་བ་ནི།།བྱང་ཆུབ་སེམས་ཉིད
401a7 ཡིན་པས་ན།།དེ་ཡི་རྩེ་སྙིང་རྗེ་སྟེ།།ཕ་རོལ་ཕྱིན་པར་ཐབས་ཀྱིས་ཞེས་གསང་བའི་ཚིག་ཏུའོ།།ཡང་བཅོམ་ལྡན་འདས་སེང་གེ་འབུམ་གཟུགས་ངོ་བོ་ཉིད་དག་པས་འདི་སྐད
iiif viewer powered by OpenSeadragon
400b - 401b