e-texts navigator
Collection
Volume
Page
Wylie

400a1 བརྗོད་པ།།དཔག་མེད་མཐའ་ཡས་རྡུལ་སྐྱེད་ཙམ།།དེ་སྙེད་ཀུན་དུ་ཐོས་པར་གྲོལ་ཞེས་གསུངསོ།།ཡང་བཅོམ་ལྡན་འདས་བཀོད་པའི་རྒྱལ་པོ་ངོ་བོ་ཉིད
400a2 དག་པས་འདི་སྐད་དུ།གསུང་གཅིག་མི་ཟད་མཐའ་ཡས་གསུང་།།མཐའ་དང་དབུས་མེད་ཀུན་ཏུ་ཁྱབ།།ཁྱབ་དང་ཁྱབ་མེད་རྡོ་རྗེ་གསུང་།།སྣ་ཚོགས་དངོས་མེད་དེ་བཞིན་ཉིད
400a3 ཅེས་གསུངསོ།།ཡང་བཅོམ་ལྡན་འདས་གསེར་གྱི་གསུ་བ་ངོ་བོ་ཉིད་དྲུག་པས་འདི་སྐད་དུ།གླང་ཡང་མ་བཅོས་དེ་ཉིད་ལ།།ཕྱོགས་དང་ལྷ་ཕྱི་དུས་མེད་དེ།།ཐམས་ཅད་དེ་བཞིན
400a4 ཉིད་ཀྱི་དབྱིངས།།དེ་ཉིད་རང་རིག་རང་ཉིད་དེ་ཞེས་གསུངསོ།།ཡང་བཅོམ་ལྡན་འདས་དཔལ་གྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།དེ་ཉིད་དེ་སྙེད་རང་བཞིན་དེ།།དེ་སྙེད་དེ
400a5 ཉིད་ཡིན་པ་ལ།།བྱས་པ་རྣམས་ཀྱིས་གཉིསུ་བཟུང་།།དེ་ལ་གཉིསུ་དབྱེར་བྱར་མེད་ཅེས་གསུང་སོ།།ཡང་བཅོམ་ལྡན་འདས་སྣང་བ་བརྩེགས་པའི་དཔལ་ངོ་བོ་ཉིད་དག
400a6 པས་འདི་སྐད་དུ།སྟོང་ཉིད་ན་མཁའི་རང་བཞིན་དུ།།མི་མཐུན་པ་དང་གཉེན་པ་གཉིས།།ཡེ་ནས་དབྱེར་མེད་གཅིག་པས་ནི།།གནོད་པས་འཇིགས་པ་ག་ལ
400a7 ཡོད་ཅེས་གསུངས་སོ།།ཡང་བཅོམ་ལྡན་འདས་ངོ་བོ་ཉིད་དག་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ།མི་འགྱུར་ན་མཁའི་རང་བཞིན་ཏེ།།དག་པ་དག་ལ་དག་པ




iiif viewer powered by OpenSeadragon

399b - 400b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo