e-texts navigator
Collection
Volume
Page
Wylie

399b1 འདི་སྐད་དུ།ཇི་བཞིན་ཉིད་ལ་བཞུགས་པས་ན།།འདི་ཞེས་ཆག་ཏུ་མོ་གསུངས་ཀྱང་།།ཁྱབ་པས་གཅིག་པའི་བྱིན་རླབས་ཀྱང་།།ཇི་ལྟར་འདོད་པ་སོ་སོར་མཇལ་ཞེས་གསུངས།།ཡང
399b2 བཅོམ་ལྡན་འདས་གྲགས་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ།སངས་རྒྱས་སེམས་ཅན་ལྔ་སོགས་པ།།ཐམས་ཅད་མྲ་ལུས་ལུས་པ་མེད།།རང་རིག་མ་རིག་རྟོག་པ་ཉིད།།
399b3 ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད་ཅེས་གསུངས།།ཡང་བཅོམ་ལྡན་འདས་སྤྲུལ་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།ཡི་གེ་ཕྱག་རྒྱ་ཡེ་ཤེས་ཀྱང་།།ཚིག་ལས་འབྱུང་བའི
399b4 གཞི་ཡིན་ཏེ།།དེ་ཉིད་དག་པས་ཐམས་ཅད་དག།གསུང་ལ་གསུང་ཉིད་མི་ག་ནས་པའོ་ཞེས་གསུང་སོ།།ཡང་བཅོམ་ལྡན་འདས་སྒྲ་དབྱངས་མ་ཟད་པ་ཉིད་དག་པས་འདི་སྐད་དུ།དེ་བཞིན
399b5 ཉིད་ཀྱང་རང་བཞིན་དུ།།ལྔ་ཕུང་ཉོན་མོངས་རྣམ་པར་དག།རྣམ་རྟོག་རྡུལ་བྲལ་སྐྱེ་འགག་མེད།།ཐམས་ཅད་ངོ་བོ་ཉིད་དུ་བཅོམ་ཞེས་གསུངས།།ཡང་བཅོམ་ལྡན་འདས་སྨན་གྱི
399b6 རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།།དཔག་མེད་འཇིག་རྟེན་རྡུལ་རྙེད་ན།།འགྲོ་བ་རྡུལ་ཕྲན་བྲས་མ་ཡས་ལ།།ཁྱད་པར་དེ་བཞིན་ཉིད་སྣང་བས།།ཏིལ་འབྲུ་མར་གྱིས་ཁྱབ
399b7 ལྟར་གནས་ཤེས་གསུངསོ།།ཡི་བཅོམ་ལྡན་འདས་གསེར་གྱི་འོད་འབྲིང་བ་ཉིད་དག་པས་འདི་སྐད་དུ།རྡུལ་ཕྲན་གཅིག་ཙམ་གང་ཟག་ལ།།དགོངས་ཏེ་མདུན་དུ་གསུང




iiif viewer powered by OpenSeadragon

399a - 400a

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo