| | e-texts navigator
|
399a1 ཉིད་དག་པས་འདི་སྐད་དུ།དེ་ཉིད་ཇི་བཞིན་མངོན་གྱུར་ན།།མོད་ལ་མི་ཟད་འབྱུང་བ་ཡི།།ཆེ་བྱའི་ཡོན་ཏན་རྒྱན་མི་འཆད།།ཙིརརྱ་སྣང་ཀུན་འབྱུང་རིན་ཆེན
399a2 གཏེར་ཞེས་གསུང་སོ།།ཡང་བཅོམ་ལྡན་འདས་གཙུག་ཏོར་སྙིང་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།ཇི་བཞིན་མ་བཅོས་དེ་ཉིད་ལ།།དེ་བཞིན་པ་ཡི་བློ་གནས་པ།།དེ་བཞིན
399a3 དེ་ཉིད་མ་ཡིན་པའི།།སྒྲུབ་པ་དང་བསྒྲུབ་པ་ག་ལ་ཡོད་ཅེས་གསུངསོ།།ཡང་བཅོམ་ལྡན་འདས་ངེས་པར་གཤེགས་པའི་ངོ་བོ་ཉིད་དག་པ་འདི་སྐད་དུ།མཁའ་ལ་གློ་བུར
399a4 སྤྲིན་འཐིབས་ལྟར།།དེ་བཞིན་གློ་བུར་སྟོག་པས་བསྒྲིབས།།མཁའ་དག་ནང་དུ་སྦྱིན་སངས་ལྟར།།རྣམ་རྟོག་སངས་པས་ངང་གིས་སངས་ཤེས་གསུངས་སོ།།ཡང་བཅོམ་ལྡན
399a5 འདས་ངེས་པར་གསུངས་པའི་ངོ་བོ་ཉིད་དག་པས་འདི་སྐད་དུ།ཇི་སྙེད་དག་པའི་གསུང་བརྗོད་ཀྱང་།།རྡོ་རྗེ་གསུང་ལ་སྤྲོས་པ་མེད།།སྤྲོས་མེད་གསུང་ཉིད་ཀུན་གསལ་ཁྱབ།
399a6 མ་གསུངས་པ་ཉིད་རྒྱ་ཆེར་བཤད།།ཅེས་གསུངསོ།།ཡང་བཅོམ་ལྡན་འདས་ངོ་བོ་ཉིད་དག་པས་འདི་སྐད་དུ།ཐམས་ཅད་ཡུལ་ལ་འཇུག་པ་ཡི།།ཐོགས་མེད་མ་ཆགས་དེ
399a7 བཞིན་བློས།།ཇི་སྙེད་ཇི་བཞིན་ཉིད་དུ་བསྒྱུར།།ཟད་མེད་གཏེར་ལྡན་རིན་ཆེན་འབྱུང་ཞེས་གསུངསོ།།ཡང་བཅོམ་ལྡན་འདས་མེ་ཏོག་དབང་པོ་དབྱངས་ངོ་བོ་ཉིད་དག་པས
iiif viewer powered by OpenSeadragon
398b - 399b