| | e-texts navigator
|
398a1 སོ་སོར་སྣང་བ་མ་ཡིན་ཏེ།།ཇི་བཞིན་དེ་བཞིན་ཉིད་ངེས་ན།།ངོ་ལ་འཁོར་བའི་རང་བཞིན་མོད་ཅེས་གསུངསོ།།ཡང་བཅོམ་ལྡན་འདས་ཞི་བའི་དབང་བ་རྨ།
398a2 ཉིད་དག་པས་འདི་བཞིན་དུ།དེ་བཞིན་ཉིད་ཀྱི་དེ་ཉིད་ནི།།དཔག་ཅིང་གཞལ་བར་མཐའ་ཡས་པས།།དཔག་མེད་རྒྱལ་པོའི་ཕོ་བྲང་ཡིན།།དེ་ནས་ཀུན་བཀོད་དེར་གཅིག་ནས
398a3 ཞེས་གསུང་སྟེ།།ཡང་བཅོམ་ལྡན་འདས་སྦྱིན་གྱི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ།ཐམས་ཅད་འབྱུང་བའི་ཆོ་འཕྲུལ་ཡང་།།ཏཱིར་ཡང་འགྱུར་བའི་ཡེ་ཤེས་ཏེ།།གདོས
398a4 པར་གྱུར་པའི་ཆོས་མེད་པས།།དེ་ལྟར་དམིགས་པ་བཞིན་དུ་འབྱུང་ཞེས་གསུངས་སོ།།ཡང་བཅོམ་ལྡན་འདས་ཡིད་འོང་དབྱངས་ངོ་བོ་ཉིད་དག་པས་འདི་སྐད་དུ།འཇིག་རྟེན
398a5 འཁོར་བའི་ཁ་བརྒྱད་པས།།མ་རིག་ངོ་བོ་དེ་བཞིན་པ།།གཞི་རྩ་མེད་པའི་སྐད་ཅིག་མ།།དེ་ཉིད་རིག་ནི་བདེ་ཆེན་གནས་ཞེས་གསུང་སོ།།ཡང་བཅོམ་ལྡན་འདས་མེ་ལོང་འོང
398a6 སྣང་ངོ་བོ་ཉིད་དག་པས་འདི་སྐད་དུ།ཉོན་མོངས་ཡེ་ཤེས་ལྔར་རྟོགས་པ།།ཇི་བཞིན་དེ་ལ་གཉིས་ཀ་བསྒྲིག།རྟོག་དང་མི་རྟོག་གཉིས་མེད་དེ།།རྟོག་པ་དེ་ཉིད་ཡང་དྲག་ལམ
398a7 ཞེས་གསུང་མོ།།ཡང་བཅོམ་ལྡན་འདས་ཟླ་འོད་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ།ཐེག་པ་དཔག་མེད་བསྟན་པ་ཡང་།།ཇི་ལྟར་མོས་པ་ཐ་དད་པ།།ཁྲིད་པ་བྱ་བའི་ཐབ་སུ
iiif viewer powered by OpenSeadragon
397b - 398b