| | e-texts navigator
|
397b1 གསུངས་སོ།།གཞན་ཡང་བཅོམ་ལྡན་འདས་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ།།དུས་གསུམ་དུས་བཞིར་མི་རིགས་ཏེ།།ཡེ་ཤེས་རིག་པའི་ཁྱད
397b2 པར་ལས།།སྐད་ཅིག་བསྐལ་པ་དེ་སྐད་ཅིག་ཅེས་གསུངསོ།།གཞན་ཡང་བཅོམ་ལྡན་འདས་སྙིང་རྗེའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ།འཁོར་བ་མྱ་ངན་འདས་རྟོག་པ།།དེ
397b3 བཞིན་ཉིད་ཀྱི་དབྱིངས་ཉིད་དུ།།ཡེ་ནས་མྱ་ངན་འདས་པས་ན།།རང་བཞིན་ལྷུན་གྲུབ་ཚོགས་གཉིས་རྫོགས་ཞེས་གསུངསོ།།ཡང་བཅོམ་ལྡན་འདས་ངོ་བོ་ཉིད་དག་པས་འདི་སྐད་དུ།།
397b4 ཆོས་སོ་ཅོག་གི་རང་བཞིན་ནི།།མ་སྐྱེས་པ་ལ་ཐམས་ཅད་སྐྱེ།།སྐྱེས་པ་ཉིད་ན་སྐྱེ་བ་མེད།།རིགས་མཆོག་རྡོ་རྗེ་སྐྱེ་གནས་དམ་ཞེས་གསུངསོ།།ཡང་བཅོམ་ལྡན་འདས་ཡོངསུ
397b5 དགོངས་པའི་རྒྱལ་པོ་ངོ་བོ་ཉིད་དག་པོས་འདི་སྐད་དུ།དེ་བཞིན་ཉིད་དུ་ཀུན་རིག་ནོ།།དེས་ཁྱབ་གར་གནས་སངས་རྒྱས་ཞིང་།།ཡོན་ཏན་རིན་ཆེན་སྤྲིན་བཀོད་པ།།དགོད་པར་བྱ་བ
397b6 ཅི་ཡང་མེད་ཅེས་གསུང་སོ།།ཡང་བཅོམ་ལྡན་འདས་གསེར་གྱི་འོད་ཟེར་ངོ་བོ་ཉིད་དག་པས་འདི་སྐད་དུ།དཔག་ཏུ་མེད་པའི་རྒྱལ་བ་རྣམས།ཇི་བཞིན་དེ་བཞིན་ཉིད་ལ་བཞུགས།།
397b7 དེ་བཞིན་ཉིད་དང་ཐམས་ཅད་ཀྱང་།།གཉིད་མེད་དེ་བཞིན་ཉིད་དོ་ཞེས་གསུང་སོ།།ཡང་བཅོམ་ལྡན་འདས་འོད་ཀྱི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ།འཁོར་བ་དང་ནི་མྱ་ངན་ལས
iiif viewer powered by OpenSeadragon
397a - 398a