| | e-texts navigator
|
397a1 ཅད་འབྱུང་བའི་རྩ་བཱས་ན།རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས།།བཅོམ་ལྡན་འདས་དཀོན་མཆོག་སྤྲིན་ངོ་བོ་ཉིད་དག་པས་འདི་སྐད་ཅེས་གསུངས།།
397a2 གཞན་ཡང་དགོངས་པ་རྣམ་པར་པཤད་པ་ནི་འདི་ལྟ་སྟེ།ཡེ་ནུས་མ་བཅོས་ཇི་བཞིན་པ།།ཆོས་སོ་ཅག་གི་སྙིང་པོ་སྟེ།།མེད་པ་ལས་བྱུང་སྣ་ཚོགས་སྣང་།།སྣང་མེད་དོ
397a3 བཞིན་དཀྱིལ་འཁོར་རྫོགས།།བཅོམ་ལྡན་འདས་བཀོད་པའི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ།།གཞན་ཡིད་འདི་ལྟ་སྟེ
397a4 རང་འབྱུང་རིག་པའི་སེམས་ཉིད་ཀྱིས།།མ་བཅོས་ཆོས་ཉིད་དབྱིངས་ཀྱི་དོན།།ལྷུན་གྲུབ་ཐབས་དང་ཤེས་རབ་ལྷས།ཡང་དག་རང་བཞིན་དཀྱིལ་འཁོར་གསལ།
397a5 བཅོམ་ལྡན་འདས་སེང་གེ་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུང་སོ།།གཞན་ཡང་བཅོམ་ལྡན་འདས་མཛེས་པའི་རྟོག་ངོ་བོ་དག་པས་གསུངས་པ།འཇིག་རྟེན་འཇིག
397a6 རྟེན་འདས་པ་ཡི།།བདེ་དང་མི་བདེ་རྣམ་པ་ཀུན།།དེ་བཞིན་ཉིད་དུ་རོ་གཅིག་པས།།ཚོར་བ་བདེ་སྡུག་གང་ཡང་མེད་ཅེས་གསུང་སོ།།གཞན་ཡང་བཅོམ་ལྡན་འདས་མེ
397a7 པའི་རྒྱན་ངོ་བོ་ཉིད་དག་པས་འདི་སྐད་དུ།དེ་བཞིན་ཉིད་དུ་དོན་བསྟན་དུ།།དེ་བཞིན་ཉིད་དུ་ཀུན་གཅིག་པས།།གང་གིས་གང་ལ་གང་ཞིག་བསྟན།།ཉིད་ལ་ཉིད་གླེང་ཁོ་ནར་ཟད་ཅེས
iiif viewer powered by OpenSeadragon
396b - 397b