e-texts navigator
Collection
Volume
Page
Wylie

396a1 ལས་དེ་སྐད་ཅེས་གསུངས།།གྲོགས་པོ་དག་ཡང་འདི་ལྟ་སྟེ།རྒྱུལ་བ་ཀུན་གྱི་ཐུགས་དམ་ནི།།ཐམས་ཅད་དམ་པ་དེ་ཉིད་ལས།།མི་གཞན་གཞན
396a2 མེད་ཡོད་མ་ཡིན།།དེ་ལས་གང་ཡང་འདའ་མི་འགྱུར།།བཅོམ་ལྡན་འདས་རྫོགས་ལོངས་སྤྱོད་པ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངསོ།།ཡང་གྲོགས་པོ་དག་འདི་ལྟ་སྟེ།།
396a3 དམ་པ་རྣམས་ཀྱིས་གསུངས་པོའི་ཚིག།རྡོ་རྗེ་གོ་ཆད་མ་བཅས་པ།།ཤིན་ཏུ་དམ་པའི་ཐ་ཚིག་འདི།།གལྱཱ་ཏ་འདས་ན་ཚིག་པར་འགྱུར།།བཅོམ་ལྡན་འདས་གསང་བའི
396a4 སྐུ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངསོ།།ཡང་གྲོགས་པོ་དག་འདི་ལྟ་སྟེ།རྒྱལ་བ་རྣམས་ཀྱི་དམ་པ་འདི།།གསུངས་པས་དམ་ཚིག་མཐའ་ཡས་ཀུན།།ཐམས་ཅད
396a5 ཐམས་ཅད་བསྲུངས་པ་སྟེ།།བསྲུང་བ་འདི་ནི་རྙེད་པར་དཀའོ།།བཅོམ་ལྡན་འདས་རྒྱུན་གྱི་འབྱུང་བ་ངོ་བོ་ཉིད་དག་པས།དེ་སྐད་ཅེས་གསུང་སོ།།ཀྱེ་གྲོགས་པོ་དག་འདི
396a6 ལྟ་སྟེ།ཞེ་སྡང་ངོ་བོ་ཐ་དད་པ།།བྱང་ཆུབ་སེམས་མཉམ་པས་ན།།དེ་བཞིན་ཉིན་ལྕེས་གཞན་པ་ཡིན།།མ་སྤངས་མ་དག་རྡོ་རྗེ་དམ།།བཅོམ་ལྡན་འདས་རྡོ་རྗེ་སེམས
396a7 དཔའི་ངོ་བོ་ཉིད་དག་པས།དེ་སྐད་ཅེས་གསུང་སོ།།གྲོགས་པོ་དག་འདི་ལྟ་སྟེ།འདོད་དང་ཆགས་པའི་ཡུལ་ཉིད་ནི།།རང་བཞིན་གང་ཡིན་དེ་བཞིན་ཉིད།།ལོངས་སྤྱོད




iiif viewer powered by OpenSeadragon

395b - 396b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo