| | e-texts navigator
|
395a1 དེ་ལྟར་ཟློགས་ཐབས་ལྡན་ན།།མཚམས་མེད་ལྔ་ཡི་སེམས་ཅན་ཀུན།།བྱང་ཆུབ་སྙིང་རྗེ་མཚན་གྱིས་བསད།།དཔག་མེ་དཀོར་འགྱུར་མྱ་བསད་ན།།
395a2 ཀུན་གྱི་དོན་དུ་གཉེར་བ་ནི།།གང་གི་སེམས་ཉིད་དབྱིངས་ཉིད་ཀྱི།།གང་གིས་བསྐུལ་པ་དཔག་མོད་དུ།།སྙིང་གསུམ་དཀྲུགས་པས་དེ་རིག་མིན།།འདིར་ནི་བློ་གྲོས་ཐབས
395a3 ལྡན་པས།།བྱ་མེད་ཀྱི་འངར་རང་རིག་པས།།དོན་རྒྱུན་རྣལ་འབྱོར་ཉྫལ་མེ་བཙུན།།མྱེ་བརྟུལ་ལྷུན་གྱིས་གྲུབ་པ་ཡིན།།ཇི་ལྟར་མུན་པ་དྲུག་དང་རྫས།།སྤྱན་སྣ
395a4 གསེར་དུ་གྱུར་པ་ན།།འགྱུར་རྩི་མན་ངག་མེད་པའི་མིས།།དཀའ་བའི་ལས་ཆེན་སྣ་ཚོགས་པ།།སྡུག་བསྔལ་སྤྱད་ཀྱང་མི་འགྲུབ་སྟེ།།སུ་ཞིག་མན་ངག་ལྡན་པའི་མེས།
395a5 ཚོགས་མེད་ཀྱི་འདིའི་ཚུལ་གྱིས་ནི།།བསྒྱུར་བས་སྨན་སྣང་གསེར་འགྱུར་ལྟར།།རྣལ་འབྱོར་ཆེན་པོ་དོན་འགྲུབ་པ།།དེ་ཉིད་བློ་གྲོས་ཐབས་ངག་དང་།།གང་དང་མི་ལྡན
395a6 པ་དག་བྲིས།།དཀའ་བ་སྤྱད་ཀྱང་འགྲུབ་མིན་ཏེ།།སེམས་ཀྱི་གསང་འདི་སུས་མཐོང་བ།།བློ་གྲོས་ཐབས་དང་ལྡན་པ་སྟེ།།འདོད་པའི་དོན་མཆོག་གང་ཡིན་པ།།དེ་དག
395a7 ཚེགས་མེད་ཀྱི་འདས་འགྲུབ།།དོན་རྣམས་གྲུབ་པར་གང་བྱེད་པ།།བློ་གྲོམ་ཐབས་ཀྱིས་གྲུབ་པའི་ཕྱིར།།དོན་རྣམས་འགྲུབ་པར་འགྱུར་བ་ཡི།།བསླབ་པ་འདི་དག་རབ་ཏུ
iiif viewer powered by OpenSeadragon
394b - 395b