e-texts navigator
Collection
Volume
Page
Wylie

394a1 གྲཞོམ་པར་དཀའ་བའི་ལྔས་འདི་དག།ཉམས་བླངས་ན་བདེ་ཐོབ་རྙེད།།འདི་ནི་ཏིང་འཛིན་དམ་པ་ཡི།།ཉམསུ་བླང་བའི་བསླབ་པ་སྟེ།།སེམས་ཉིད
394a2 གོམས་པར་བྱ་བ་ལས།།འདྲིས་པར་བྱེད་པ་རབ་ཏུ་གཅེས།།གྲོགས་པོ་དག་དེ་དག་ནི་ཉམས་རྙེད་པ་ཉིད་དུ་ཤེས་པར་བྱའོ།།དེ་སྐད་ཅེས་སྨྲས་པས།དམན་པ་དམ་པ་རྣམས
394a3 གང་གི་དགོངས་པ་དམ་པའི་ཉམ་དྲོད་རྙེད་པར་གྱུར་ཏོ།།སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་དབང་བསྒྱུར་གྱི་ལེའུ་སྟེ།བདུན་ཅུ་གསུམ
394a4 བའོ།།།།དེ་ནས་ཡང་གསྡང་བ་པའི་བདག་པོ་དེས་དམན་པའི་ལུས་ཀྱིས་སེམས་དཔའ་རྣམས་ལ་འདི་སྐད་ཅེས་སྨྲསོ།།གྲོགས་པོ་དག་གང་འདི་ལ་ཚོགས
394a5 ཆུང་བར་བྱ་བ་གང་ཞེ་ན།འདི་ལྟ་སྟེ།ཅི་ལ་ཡང་བྱ་བ་མེད་པ་ཉིད་དོ།།གང་ལ་བྱ་བ་མེད་པ་དེ་གང་ཞེ་ན།འདི་ལྟ་སྟེ།དེ་བཞིན་ཉིད་དོ།།དེ་ཅིའི་ཕྱིར་ཞེ་ན།འདྲི་ལྟ་སྟེ།
394a6 སྔགས་ཀྱིས་ཡོངསུ་ཟིན་པའི་ནད།།གང་ལའང་གནོད་པའི་བྱེད་མི་ནུས།།དེ་བཞིན་ཉིད་ཀྱིས་ཟིན་པ་ཡི།།དུས་གསུམ་དུག་ལྔས་གནོད་མི་འགྱུར།།དེ་བཞིན་ཉིད་ཀྱིས
394a7 མ་ཟིན་ན།།ལམ་གྱི་ཕྱོགས་རྣམས་ཀུན་སྤྱད་ཀྱང་།།བདེ་འགྲོ་ཙམ་དུ་དེས་འབྱུང་གི།གོ་འཕང་དམ་པར་ག་ལ་འགྱུར།།དེ་བཞིན་ཉིད་ཀྱིས་ཀུན་ནས་པར།།གང་ཤེས




iiif viewer powered by OpenSeadragon

393b - 394b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo