| | e-texts navigator
|
393b1 །སྟོ་གསུ་མ་འཇིག་རྟེན་ཁོར་ཡུག་བཅས།།ན་མཁའི་དབྱིངས་འཕངས་ནས་ནོ།།སནས་སར་ནཱི་སྦྱར་བར་བྱ།།རྣལ་འབྱོར་སྡིག་པའི་འཛུབ་མ་ལ།།ཉི་མའི་དཀྱིལ་འཁོར་གས་།
393b2 ལཾས།ཟེར་ལས་ཉི་མ་འབུམ་འཕྲོས་པས།།ཕྱི་ནང་མོན་པ་ཐམས་ཅད་གསལ།།རྣལ་འབྱོར་ལག་གྲི་དཀྱིལ་འཁོར་ལྔས།།ཆུ་ཟའི་དཀྱིལ་འཁོར་རབ་གསལ་བས།།བདུད
393b3 ཆུ་བོའི་རྒྱུན་བྱུང་བས།།སྲེག་པའི་དམྱལ་བའི་མི་ཆེན་པོ་སད།།གཞན་ཡང་ལང་ཀའི་བདག་པོ་ཏིང་འཛིན་གྱིས་མངོན་འདི་ཁོ་ནར་འདུས་པར་གསུངས་པས།འདི་ཁོ་ན་ལྟར་ཤེས
393b4 བཻཔེར་བྱའོ།།སེམས་ནི་སྒྱུ་མའི་རང་བཞིན་ཏེ།།ཇི་ལྟར་བརྟགས་པ་དེ་ལྟར་སྣང་།།དེ་མ་ཐག་པར་མ་གྱུར་ཀྱང་།།དེ་ཉིད་གང་རྟགས་དེ་ལྟར་སྣང་།།གདོས་བཅས་ཡུལ་ནི་མི་སྣང
393b5 ཡང་།།ཡིད་གཟུགས་མངོན་ཤེས་ཀུན་མཁྱེན་སྣང་།།གང་བརྟགས་དེ་ལྟར་དེ་ལྟས་ནས།།མངོན་གསུམ་གླས་པ་བྱོར་རིད་པར་འགྱུར།།ཡོད་མེད་ལེགས་ཉེས་རང་བཞིན
393b6 རྣམས།།ཆུ་ཁམས་རྟས་པ་ལྟ་བུར་ཟད།།བམས་ཅིང་འདི་ཡིས་བྱེད་པར་འགྱུར།།དེས་ན་ཏིང་འཛིན་སེམས་ཉིད་གཙོ།།དཔེར་ན་རྒྱ་མཚོ་ནོར་ལེན་མི།།སྦྲུལ་དང་ཆུ་སྲིན
393b7 སྙིང་མ་ལས།།སོགས་པ་གདུག་པའི་སྡུག་བསྔལ་ཀུན།།དཀའ་བས་ཉམ་སུ་བླངས་པས་འགྲུབ།།དེ་བཞིན་རྣལ་འབྱོར་རྣལ་ཚོལ་བ།།རྣམ་རྟོག་བྱིང་རྨུགས་འཕྱར་གཡེང་དག།
iiif viewer powered by OpenSeadragon
393a - 394a