e-texts navigator
Collection
Volume
Page
Wylie

393a1 ཡོ་ཤས་ཐུགས་རྗེ་ཡོན་ཏན་ལས།།བྱིན་རྔུབས་ཅན་གྱིས་མཛེས་པར་བདྡྷཱན།།ཆོས་ཉིད་རླབས་ཀྱི་རྣ་རི་བྲེས།།སཔྟ་སྠཱནཱ་སྒྲ་བྷྱོ་ཀུས་ཐེག་ཆེན་སྔགས།།
393a2 ཇི་བཞིན་ཆོས་ཀྱི་ཕོ་བྲང་འདིར།།རྒྱལ་བ་བཞུགས་པ་འདི་ལྟར་རིམ།།ཀུན་བཟངས་སེམས་ཀྱི་ཆོས་ཉིད་ལས།།ཀུན་གཞི་མ་འདྲེས་ཡོངས་རྫོགས་ཆོས།།སེམས་དཔའ
393a3 ཡུད་ཀྱིས་ངེས་ཐོབ་པས།།བསྟན་པ་རྒྱ་མཚོ་རྒྱུན་མི་འཆད།།རྡོ་རྗེ་ན་མཁའི་སྐས་བསྐྱོད་ནས།།ན་མཁའ་དབྱིངས་ཀྱི་དབུས་གནས་པར།།སྣང་སྲིད་མཐའ་ཐུག་མེད་ལ་ལྟ།།།
393a4 དེས་ནི་དྲི་ཡུལ་ཡངས་པར་འགྱུར།།རྒྱ་མཚོ་རྡོ་རྗེས་གཏམས་བྱས་ཏེ།།དེ་ལ་གནས་པའི་སེམས་ཅན་ལ།།རྡོ་རྗེ་སེམས་དཔའ་བརྟན་བྱས་ཏེ།།ཐམས་ཅད་དམ་པའི་རྡོ་རྗེར
393a5 བྱ་ནཱཾ་ཁའི་དབྱིངས་ཀྱི་ལིང་ཀཱ་ལ།།ཟླ་བའི་དཀྱིལ་འཁོར་དབུས་གོནས་པར།།མྱུར་མགྱོགས་ཆུ་ཟླའི་འཕེན་ཤུགས་ཀྱིས།།ཞིང་ཁམས་ཀུན་ཏུ་བགྲོད་པར་བྱ།།ནཱ་མཁའ
393a6 དབྱིངས་ཀྱི་ལིང་ཀ་ལ།།ཉི་མའི་དཀྱིལ་འཁོར་དབུས་གནས་པར།།ཤིན་ཏུ་ངེས་པར་གྱུར་པ་དང་།།མུན་པའི་གནས་རྣམས་ཐམས་ཅད་གསལ།།རྣལ་འབྱོར་སྔགས
393a7 མཛུབ་རྩེ་མོ་ལ།།ཟླ་བའི་དཀྱིལ་འཁོར་འོད་གསལ་འབར།།ཤིན་ཏུ་བརྟན་པར་རེད་པ་དང་།།ཆུ་དེས་སྲེག་པའི་བསྐལ་གཞི་ལ།།རྣལ་འབྱོར་ལག་གི་དཀྱིལ་འཁོར་དུ།




iiif viewer powered by OpenSeadragon

392b - 393b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo