| | e-texts navigator
|
136b1 ཡས་པ་ན་རྡུལ་སྙེད་ཀྱི་ཐུབ་པ་དྲུག་གི་སྒྲོན་མ་མཐའ་ཡས་པར་སྣང་བུ་ཡང་འདི་ལྟ་སྟེ།ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གླིང་བཞི་པ་སྟོང་ཕྱག་བཅུ་གཉིས་འདས་པ་ན་འཇིག་རྟེན
136b2 གྱི་ཁམས་དྲི་མ་མེད་པ་ཞེས་བྱ་བ་ཞིང་ཁམས་དེ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ།དེ་ན་གནས་པའི་འགྲོ་བ་རྣམས་ཚེ་དང་ལོངས་སྤྱོད་ཐམས་ཅད་སུམ་ཅུ་རྩ
136b3 གསུམ་དང་མཉམ་པ།བར་མ་དོར་འཆི་བ་མེད་ཅིང་བརྫུས་ནས་སྐྱེ་བ་ཤི་ངག་ཀྱང་འདོད་པ་ཐམས་ཅད་བསམས་པས་འགྲུབ་སྟེ།དེ་ན་སྦྱིན་པ་ཡང་མེད།གཏོང་བ་ཡང་མེད།
136b4 ལེན་པ་དང་སློང་བ་པོ་ཡང་མེད་དེ།འཇིག་རྟེན་གྱི་ཁམས་གཞན་དོག་ན་གཏོང་སློང་ཡོད་པ་དག་གི་གཏམ་ཐོས་པ་ན་དེ་ལ་ཡོངསུ་སྨོན་པ་ཡིན་ཏེ།དེ་ན་རྡོ་རྗེ་སེམས་དཔའི་སྤྲུལ
136b5 བ་ཐུབ་པའི་དབང་པོ་དེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དྲི་མེད་སྒྲ་ཞེས་བྱ་བར་བསྟན་ནས་ཐེག་པ་ཆེན་པོའི་ཆོས་སེམས་ཀྱི་དཀྱིལ་འཁར་འོད་གསེལ་པ།གསང་སྔགས
136b6 ཀྱི་ངོ་བོ་ཉིད་སྒྲོན་མ་ཆེན་པོ་ཡང་སུ་སྣང་ངོ་།།དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཙུན་ཡང་ཐུབ་པ་དྲུག་གི་སྒྲོན་མ་སྣང་བསྡུ་འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་ཡོངསུ
136b7 གསལ་བར་བྱེད་དོ།།ཡང་ཐུབ་པའི་དབང་པོ་དེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་འབྱུང་བ་ཞེས་བྱ་བ་ན་དེ
iiif viewer powered by OpenSeadragon
136a - 137a