e-texts navigator
Collection
Volume
Page
Wylie

136a1 ཐུབ་པ་ཞེས་བྱ་བར་གྲགས་ན་འདི་ཇི་ལྟར་ཡོངསུ་ཤེས་པར་བགྱི།སྨྲས་པ།ལང་ཀའི་བདག་པོ་དེ་ནི་རྡོ་རྗེ་སེམས་དྲཔའི་སྤྲུལ་པའི་བླ་དགས
136a2 འབའ་ཞིག་གོ།ལང་ཀའི་བདག་པ་དེ་ཅིའི་ཕྱིར་ཞེ་ན།རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས།འཁོར་བསམ་གྱིས་མི་ཁྱབ་པའི་དཔུང་གཏན་བཅོམ་པའི
136a3 ཕྱིར་ཐུབ་པ་ཆེན་པོ་ཞེས་ཡོངསུ་གྲགསོ།།ཇི་ལྟར་འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཡང་ཐུབ་པོ་ཆེན་པོ་ཞེས་བྱ་བར་ཡང་གྲགས་པ་ནི་འདི་ལྟ་སྟེ།ལྷའི་གནས་སུ་ཐུབ
136a4 པ་ཆེན་པོ་སྲིད་ཐུབ་འཛིན་ཞེས་བྱ་བར་བྲག་སོ།།ལྷ་མ་ཡིན་གྱི་གན་སུ་ཐུབ་པ་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བར་གྲག་སོ།།མིའི་གནསུ་ཐུབ་པ་ཆེན་པོ་ཤཱཀྱ་སེངྒེ་ཞེས
136a5 བྱ་བར་གྲགས།།བྱོལ་སོང་གཽ་གན་སུ་ཐུབ་པ་ཆེན་པོ་རྣམ་པར་གནོན་པ་ཞེས་བྱ་བར་གྲག་སོ།།ཡི་དགས་ཀྱི་གན་སུ་ཐུབ་པ་ཆེན་པོ་རྣམ་པར་སྣང་བྱེད་ཅེས་བྱ་བར་གླགསོ།།
136a6 དམྱལ་བའི་གནས་སུ་ཐུབ་པ་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་གྲགས།།ཀྱེ་ལང་ཀའི་བདག་པོ་དེར་ཡང་མ་ཟད་དེ།དེ་ཇི་ལྟ་བ་དེ་ལྟར་དེ་བཞིན་དུ་མེ་མཛོད་ཀྱི་འཇིག་རྟེན
136a7 དྲུག་གི་ཕྱོགས་བཅུ་ན་ཐུབ་པ་དྲུག་གི་སྒྲོན་མ་ཡོངསུ་སྣང་བ་དེ་ལྟ་དེ་ལྟར་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐ




iiif viewer powered by OpenSeadragon

135b - 136b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo