| | e-texts navigator
|
135b1 སངས་རྒྱ་མྱ་ངན་ལས་འདའ་བར་འགྱུར་ཞེས་དྲིས་པ་ལས།གསང་བ་པཱའི་བདག་པོས་སྨྲས་པ།ལང་ཀའི་བདག་པོ་དེ་ཇི་སྙམ་དུ་སེམས།འདི་ཡང་སྒྲོན་མཱ་ཞེས་བྱ་སྟེ།ད་ལྟར
135b2 འདས་པ་ནི་ཞིང་ཁམས་མཐའ་དག་གཱི་སངས་རྒྱས་ལྟ་ཞོག།འཛམ་བུའི་གླིང་བྱེ་བ་ཕྲག་སྭ་ཡའི་སངས་རྒྱས་ལྟ་ཡང་ཞིག།འཛམ་བུའི་གླིང་གི་རྔོག་གི་སངས་རྒྱས་གཅིག
135b3 ཡོངསུ་མྱ་ངན་ལས་འདས་པར་ཟུང་ཅིག།དེ་ཅིའི་ཕྱིར་ཞེ་ན།ཞིང་ཁམས་འདི་ནི་སྤྲུལ་པའི་སངས་རྒྱས་ཉ་བ་གཅིག་གི་ཞིང་ཁམས་ཡིན་པའི་ཕྱིར་རོ།།དེ་བཞིན་དུ་བསམ
135b4 གྱིས་མི་ཁྱབ་པའི་སངས་རྒྱས་ཇི་སྙེད་པ་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་ན་སྒྲོན་མའི་བྱ་བ་མཛད་དོ།།དེ་དགྲ་ཇི་ལྟ་བ་དེ་ལྟར་སྤྲུལ་པའི་སངས་རྒྱས་རྡུལ་སྙེད་ཀྱང་དེ
135b5 བཞིན་དུ་བལྟའོ།།དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲིས་པ།གསང་བ་པའི་བདག་པོ་མི་མཇེད་ཀྱི་ཞིང་ཁམས་འཛམ་བུའི་གླིང་གཅིག
135b6 གཱི་སྤྲུལ་པའི་སངས་རྒྱས་ཉག་གཅིག་མྱ་ངན་ལསཽ་འདས་པ་འདི་སངས་རྒྱས་གང་གི་སྤྲུལ་པར་ཡོངསུ་བཟུང་བར་བགྱི།གསང་བ་པའི་བདག་པོས་སྨྲས་པ།ལང་ཀའི་བདག་པོ
135b7 འདི་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལས་སྤྲུལ་པ་ཆ་གཅིག་འབའ་ཞིག་ཁོ་ནར་ཟུང་ཤིག།སྨྲས་པ།གསང་བ་པའི་བདག་པོ་ཞིང་ཁམས་འདིར་ཤཱཀྱ
iiif viewer powered by OpenSeadragon
135a - 136a