e-texts navigator
Collection
Volume
Page
Wylie

135a1 འབྱུང་།དགོངས་པ་ངེས་པར་འབྲེལ་པ་ན་ཡང་འབྱུང་།གདུལ་བྱ་སྐབས་ལ་རབ་པའི་ཆད་ན་ཡང་འབྱུང་།བྱིན་གྱི་རླབས་ལས་སྣང་བ་ན་ཡང་འབྱུ
135a2 བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་།གང་གི་ཆེད་དུ་མཛད་པ་ནི་ཡང་འབྱུང་།ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་།ལས་རྒྱུད་ཡོངསསུ་གཅོད་པ་ན་ཡང
135a3 འབྱུང་།དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་སྟེ།དེ་དག་ནི་ཐམས་ཅད་དང་ཐཾད་ནས་ཐ~ཾང་དུ་ཡོངསུ་རྣམ་པར་སྣང་ངོ་།།སྣང་བར་གྱུར་ཏོ་སྣང་བར་འགྱུརརོ་ཞེས་ལུང་བསྟན
135a4 པ་གང་དུ་གྲོགས་པ་མི་ཤེས་སམ་ཞེས་སྨྲས་པ་ལས།ལང་ཀའི་བདག་པོས་སྨྲས་པ།ེ་མའོ་གསང་བ་པའི་བདག་པ་དེ་ནི་བདག་གིས་ཐོས་པ་དམ་པ་ཐོས་སོ།།ཐོས
135a5 པའི་མཆོག་ཐོས་སོ།།གསང་བ་པའི་བདག་པོ་ཡོངསུ་རྨོངས་པ་གདུངས་པ་ནི་སངས་པ་ལྟ་ན།སྒྲོན་མ་ཡོངསུ་བཀོད་པ་ན་ཡང་འབྱུང་ཞེས་པ་ཇི་ལྟ་བ་བཞིན་དུ་གླགས་པ
135a6 ལྗགས།མི་མཆེད་ཀྱི་འཛེག་རྟེན་གྱི་ཁམས་འདིར་ད་ལྟར་ཡོངསུ་འདས་པ་འདི་སྒྲོན་མ་བཀོད་པ་ཞེས་བྱ་བར་འགྱུར་རམ།འདུས་པ་འདི་ཡང་མི་མཇེད་ཀྱི་འཇིག་རྟེན་གྱི
135a7 ཞིང་ཁམས་འདི་འབའ་ཞིག་གི་སྒྲོན་མ་སངས་རྒྱས་མྱ་ངན་ལས་འདས་སམ།འོན་ཏེ་འཇིག་རྟེན་གྱི་ཁམས་མཐའ་དག་ན་ཞིང་ཁམས་ཇི་སྙེད་པའི་སྒྲོན་མ་བཀོད་པའི




iiif viewer powered by OpenSeadragon

134b - 135b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo