| | e-texts navigator
|
134b1 བྱུང་ཚུལ་བསྟན་པ་དང་པོའོ།།།།དེ་ནས་ལང་ཀའོ་བདག་པོས་སྔོན་དུ་གནད་པའི་ཚི་ག་བཅུ་གཉིས་བཱི་གཉིས་བབཱ་དུ་སྒྲོན་མ་ཡོངསུ་བཀོད་པ་ནཱ་ཡང་འབྱུང་ཞེས་ལུང་བསྟན་པ་ཡོངསུ་དྲོ་བའི
134b2 ཕྱིར་གསང་བ་པའི་བདག་པོ་ལ་གསོལ་བ།གསང་བ་པའི་བདག་པོ་སྔོན་བདག་གིས་ཕྱིན་ཅི་མ་ལོག་པར་ཐོས་པ།གྲང་རྨོངས་པ་རྣམས་ཀྱི་གདུང་བ་སེལ་ཅིང་སེམས་ཅན་རྣམས་ཀྱི
134b3 སེམས་ཀྱི་དཀྱིལ་འཁོར་གསོལ་བར་བྱེད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བློ་གྲོས་དམ་པའི་མཛོད།དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་དེ་ཁོ་ན་ཉིད་གསང་བ་དམ
134b4 པ་ཕྱིན་ཅི་མ་ལོག་པ་ཡང་དག་པའི་ལྟ་བོ།སངས་རྒྱས་ཀུན་གྱིས་བསྔགས་པ།ཐེག་པ་ཆེན་པོ་དེ་འདེགས་པའི་ཡུལ་ཚད་མ་ནུབ་པར་གྱུར་ཕན་ཆད་དུ་འབྱུང་བར་འགྱུར་ཞིག་གུ
134b5 ཞེས་དྲིས་པ་ལས།གསང་བ་པའི་བདག་པོས་སྨྲས་པ།ལང་གའི་བདག་པོ་ཅིག་འདི་ཇི་སྙམ་དུ་སེམས།ཁྱོད་མི་ཤེས་སམ།ཡུལ་ཆེད་མ་ཉིད་ཀྱིས་བཀའ་སྩལ་གྱིས།ཀུད་ཛིར
134b6 ཆོས་ཀྱི་སྤུན་ལ་བཀའ་སྩལ་པ་འདི་ལྟ་སྟེ།རིག་པ་འཛིན་པོ་ཁྱོད་ཀྱི་དྲི་བ་འདི་ལྟ་སྟེ།དེ་ཁོ་ན་ཉིད་གསང་བ་དོམ་པ་དེ་ན་གནས་སྐབས་གཉིས་དང་བཅུར་འབྱུང་བ་སྟེ།གང་རྨོངས
134b7 པ་གདུང་བ་སེལ་བ་ན་ཡང་འབྱུང་།གང་འཇིག་རྟེན་གྱི་སྒྲོན་མ་ཡོངསུ་བཀོད་པ་ཡང་འབྱུང་།གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་།སྙིང་པ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང
iiif viewer powered by OpenSeadragon
134a - 135a