e-texts navigator
Collection
Volume
Page
Wylie

133b1 རྣམས་ལ་ཕན་དོན་དུ།།མེད་པ་ཉིད་ལས་སྤྲུལ་པའོ།།སྒྱུ་མ་རུང་དསྲེལ་ཡུངས་འབྲུ་རྣམ།།ཐུགས་རྗེ་ཐབས་ཀྱིས་བཞག་ཚུལ་བསྟན།།ངེས་པར་རང་བསྲོལ་གང་འདོད་པ།།བྱེ་མ
133b2 དག་ལས་མར་འདོད་འདྲ།།གང་ཚེ་འབྲས་པ་ཏེ་བ་ཏཱི་ལ་འ་བྲུ་སྨིན།།དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།།གཟུགས་སྣང་བྲང་སྒྲོགས་སྙིང་པོ་ཅན།།སྐུ་དང་གསུང་ཐུགས་སྙིང་པོ་ཅན།
133b3 མཆེད་གནས་ཡིད་རྟེན་དམ་པ་ཞེས།།འགྲོ་མགོན་རྡོ་རྗེ་སེམས་དཔས་བཤད།།དཔག་ཏུ་མེད་པའི་རྒྱལ་བ་རྣམས།།འཁོར་བའི་སེམས་ཅན་རྒྱུད་ལས་བྱུང་།།འཁོར་བའི་སེམས
133b4 ཅན་རྒྱུན་བཅད་ན།།སངས་རྒྱས་རྒྱུན་ཡང་ཆད་པ་ཡིན།།དཔེར་ན་ན་མཁའི་གཞ་ཚན་ནི།།དང་པོ་གཞན་ནས་འོངས་པ་དང་།།ཐ་མ་གཞན་དུ་སོང་བ་མེད།།དེ་ཉིད་རང་འབྱུང་རང་ཞེ་ལྟར།།
133b5 སྤྲུལ་པ་རང་འབྱུང་རང་བཞི་པོས།།དེ་ཉིད་དེ་ལ་ནུབ་པ་མེད།།འདས་ཀྱང་མ་བྲལ་ཐ་དད་མན།།མ་འདས་པ་ནའང་གཅིག་མིན་ཏེ།།འདའ་དང་མི་འདའ་ལས་འདས་པས།།བྲལ་དང་མ
133b6 བྲལ་གྲཝ་ལ་ཡོད།།དེས་ན་གང་ལ་ཅི་ཕྱིར་གདུང་།།གདུང་བ་རྨོངས་པ་འཁྲུལ་པ་ཡིན།།ེ་མའོ་ངོ་མཚར་ཇི་ལྟ་བུ།།འདི་ག་ཇི་ལྟར་འཁྲུལ་ཞིག་གུ་ཞེས་གསང་བའི་བདག་བློ
133b7 དེས་སེན་རྣམས་པ་ལྟ་བའི་ཚུལ་གྱིས་གོ་ཞེས་བཏབ་པས་རྨོངས་པས་གདུངས་པ་རྣམས་དགའ་མགུ་རངས་ནས་གདུང་བ་ཡོངསུ་སངས་ཏེ་སེམས་མ་བཅོས་པར་གནས་ཏེ་དེ་བཞིན་གྱི




iiif viewer powered by OpenSeadragon

133a - 134a

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo