| | e-texts navigator
|
132b1 ད་པས།།རང་འབྱུང་སདྡྷརྩལ་ཅན་གྱིས།།རྒྱུན་ཏུ་འབྱུར་ནིང་སྣང་བར་བྱེད།།བསླབ་པ་སྐྲག་པའི་སེམས་ཉིད་པས།།བསྒྲུབ་པ་ཀུན་ཀྱི་མ་གྷྲ་འདི་ནི།།ས་རབ་སྣང་བ་རྒྱས
132b2 འབྱུང་བའི།།འགྲོ་བ་ལུས་ཀྱི་སེམས་དཔར་འཛིན།།མཐའ་ཐུག་མེད་པ་སེམས་ཅན་རྣམས།།བྱང་ཆུབ་སྙིང་ཕྱིར་ཡེ་གནས་པས།།དེ་བཞིན་ཉིད་དུ་རྒྱུད་ངེས་ཕྱིར།།ཀུན་ཀྱ
132b3 མི་སྒྲི་བ་དེ་ལུང་སྟོན།།སེམས་ཉིད་ཡོད་དང་མེད་དོ་ཞེས།།བྱིས་པ་རྣམས་ནི་རྩོད་པར་བྱེད།།མཁས་པ་ཡི་ནས་རྩོད་དང་བྲལ།།ཡོད་མེ་རྟོག་པའི་ཚིག་མ་བརྗོད།།ང་ཡི་གས
132b4 སྔགས་གསང་བ་འདྲི།།སངས་རྒྱས་ཀུན་གྱི་གསང་ཡིན་ཕྱིར།།གྲང་མི་དཔོགས་པོར་གཞན་དཔགས་པ།།གསང་བར་སྒྲ་གཅིག་ཐ་དད་འབྱུང་།།དམ་པ་རྣམས་ཀྱི་གསཔ
132b5 ལུང་འདི།།གང་དག་མི་ཤེས་རྨོངས་འཕྱར་བས།།དུག་དང་བདུད་རྩིར་རྗེ་བས་ནི།།ཕུང་བྱེད་གཉི་ག་སྲེག་པར་འགྱུར།།ཀུན་གསལ་མེ་ལོང་འོད་པོ་ཆེ།།མ་འདྲེས་ཡོངས་རྫོགས
132b6 སྟོན་པ་དེ།།མཁའ་ལྟར་འཕོ་འགྱུར་མེད་པས་ན།།འཚེ་བའང་གློག་འགྱུ་སྤྲིན་བཞོན་མེད།།བྱང་ཆུབ་སྙིང་པོ་ཡོད་ཀྱི་བར།།དེ་སྲིད་བསྟན་པ་གནས་པ་ཡིན།།ཐོག་མ་ཐ་མ
132b7 མེད་པ་ནས།།བྱུང་བས་སྔ་ཕྱི་ཡོད་མ་ཡིན།།དང་པོ་མེད་ལས་བྱུང་བརྗིད་པས།།ཐ་མ་འང་བརྗོད་བྲལ་མེད་པར་འགྱུར།།གདུང་འཛིན་ཐོག་མའང་དེ་བཞིན་ཉིད།།ཐ་མ
iiif viewer powered by OpenSeadragon
132a - 133a