| | e-texts navigator
|
131b1 སྟུ་བུར།།ཟློག་མ་ཐ་མ་མེད་པ་ཡི།།དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས།།རྣམ་དག་ལམ་ཆེན་དེ་ཉིད་དུ།།བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད།།དམ་པ་རྣམས་ཀྱི་གསང་འཛིན་རྙིང་།
131b2 གསང་བ་པའི་བདག་པོར་གྲགས།།བཀའ་རྣམས་འགྲོ་བོར་ཁྱོད་བསྔགས་པས།།ཁྱོད་ནི་བཀའ་བགྲེལ་ཆེན་པོར་གྲོགས།།སེམས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ།།མཛོད་གསུམ
131b3 གསང་བའི་ཉི་ཤུར་བས།།ཤེས་བྱའི་མུན་པ་ཀུན་གསལ་ཕྱིར།།ཁྱོད་ནི་གསལ་བའི་ཉི་མར་གྲགས།།གདུལ་དཀའ་མ་ལུས་ཀུན་འདུལ་ཞིང་།།བདུད་ཀྱི་བདུད་སྡེ་བདུད་རྣམས་འཇོམས།།
131b4 འཇིགས་པའི་ཚོགས་ཀྱང་འཇོམས་བྱེད་པས།ཁྱོད་ནི་བདུད་ཀྱི་བདུད་དུ་གྲགས།།དེ་བཞིན་ཉིད་ཀྱི་ངོ་བོ་ཉིད།།སེམས་ཉིད་རང་བཞིནི་འོད་གསལ་བ།།ཆོས་ཀུན་གཟུགསྔ་བརྙན
131b5 སྣང་བས་ན།།ཆོས་ཀྱི་མེ་ལོང་ཞེས་ཀྱང་གྲགས།།དུག་འཇོམས་སྨན་གྱི་དཀྱིལ་འཁོར་གྱིས།།ཟུག་རྔུ་འཛིན་པ་བླ་ན་མེད།།ནད་དོ་ཅོག་གྲི་དགྲར་གྱུར་པས།།ཁྱོད་ནི་སྨིན་པའི་རྒྱལ
131b6 པོར་གྲགས།།དགའ་མགུ་རངསྲ་པར་མཛད་པས་ན།།ཁྱོད་ནི་གདུང་བ་སེལ་བར་གྲགས།།འདོད་པ་ཡང་བཞིན་སྐོང་བྱས་ན།།ཁྱོད་ནི་ཡིད་བཞིན་ནོར་བུར་གྲགས།།དམ་པ་རྣམས
131b7 དང་འཐུན་མཛོད་ལ།།བདག་ཅག་རིག་པ་འཛིན་རྣམས་ལ།།དམ་པའི་སྤྲུལ་པ་གང་ལྷར་ནུག།དམ་པའི་སྒྲོན་མ་ཇི་ལྟར་བཀོད།།དམ་པོའི་གསང་ལུང་ཇི་ལྟར་འབྱུང་།།གསང་བ་རྒྱུད་ཀྱི
iiif viewer powered by OpenSeadragon
131a - 132a