| | e-texts navigator
|
130b1 ལྡིང་ཐོབ་བསྔལ་བར་དགྲ་བཅས་ཀྱིས།།གང་ཞིག་མཐོང་འདོད་ལམ་འདིར་ཤོག།ང་ནི་ཐབས་ཀྱི་སྨན་པ་སྟེ།།གྲོང་ཁྱེར་གསུམ་གྱི་ནད་པ་རྣམས།།གཅོད་རྙིང་སྦྱང་བར་དམ་བཅས
130b2 ཀྱིས།།གང་ཞིག་བདེ་འདོད་ལམ་འདིར་ཤོག།ང་ནི་ཐབས་ཀྱི་སྔ་མཁན་ཏེ།།འགྲོ་བ་ལམ་ལྡོག་ལམ་སྟོར་རྣམས།།མ་ནོར་ཁྲིད་པར་དམ་བཅས་ཀྱིས།།ཡང་དག་ལམ་འདོད
130b3 ལམ་འདིར་ཤོག།ང་ནི་ཐུགས་རྗེ་སྤྱན་རས་མཁན།།འཁོར་བའི་དགྲ་དཔུང་འཇིགས་པ་ལས།།ཐམས་ཅད་བསྐྱབ་པར་དམ་བཅས་ཀྱིས།།འཇིགས་དང་བྲལ་ཡོད་ལམ་འདིར
130b4 ཤོག།ང་ནི་རྡོ་རྗེ་རྗོང་ཆེན་ཏེ།།ལ་ཁོར་བའི་གཡུལ་ཆེན་དམག་དཔུང་ལས།།འགྲོ་བའི་འབྲས་སར་དམ་བཅས་ཀྱིས།།གླང་ཞིག་མཁར་འདོད་ལམ་འདྲིར་ཤོག།ང་ནི་ཐབས་ཀྱི
130b5 ཚོང་དཔོན་ཏེ།།འདོད་པ་རྒྱ་མཚོས་མི་ངོམས་རྣམས།།གཏེར་ཆེན་སྦྱིན་པར་དམ་བཅས་ཀྱིས།།གང་ཞིག་གཏེར་འདོད་ལམ་འདིར་ཤོག།ང་ནི་ཐབས་ཀྱིས་སྒྲོན་མ་སྟེ།།མུན་ནག་སྨག
130b6 ཏུ་ཁྱམས་པ་རྣམས།།མུན་ནག་གསལ་བར་དམ་བཅས་ཀྱིས།།གང་ཞིག་སྣང་འདོད་ལམ་འདིར་ཤོག།ང་ནི་ཡིད་བཞིན་ནོར་བུ་སྟེ།།ཡང་དག་ཡིད་བཞིན་འདོད་པ་རྣམས།།ཡིད་བཞིན
130b7 བསྐོང་བར་དམ་བཅས་ཀྱིས།།ལྷུན་གྱིས་གྲུབ་འདོད་ལམ་འདིར་ཤོག།ང་ནི་བཀའ་ཡི་ལྡེ་མིག་སྟེ།།བཀའ་སྒྲོམ་ཐར་རམ་གསང་བ་རྣམས།།རྣམ་པར་འབྱེད་པར་དམ་བཅས་ཀྱིས།།ག
iiif viewer powered by OpenSeadragon
130a - 131a