| | e-texts navigator
|
129b1 ན།།སྲིད་པ་གསུམ་གྱི་གཉེན་གཱནྡིག་པོ།།སྟོང་པ་ཆེན་པོ་ང་ཡི་ཡུལ།།རྡོ་རྗེ་རིགས་ཆེན་ང་ཡི་གདུང་།།ཕྱ་ནི་ཐབས་མཆོག་དཔག་ཏུ་མེད།།མ་ནི་ཤེས་རབ་བརྗོད་ལས་འདས།།ཐོག
129b2 མཱ་མེད་པའི་དུས་ཀྱི་ཚེ།།ང་ཡི་ཡིད་བཞིན་ནོར་བུ་སྟོར།།ནོར་བུ་རིན་ཆེན་བདུད་རྩི་དེ།།ཡོད་པར་མ་ཤེས་སྟོར་བར་ཚོར།།དེ་ཚེ་ཀུན་ནས་དབུལ་བ་དང་།།ཐར་མེད་ནད་ཀྱིས་གཟིར་འགྱུར
129b3 ཞིང་།།མུན་པོ་མུན་ནག་སྨག་ཏུ་འཁྱམས།།བགྲོད་པར་བྱ་བའི་ལམ་ཡང་སྟོར།།གདུངས་པར་གྱུར་ཀྱང་དེར་མ་ཤེས།།དེ་ཚོང་ཡི་བཤེས་གཉེན་མཆོག།བྱམས་མགོན་དམ་པ་ཞིག།
129b4 གེ་བསྟན།།ེ་མའོ་ཁྱོད་ཅི་མི་ཤེས་སམ།།མཐོང་ཡུན་ཀུན་ཏུ་བདེ་བ་ཡི།།དོན་སྲིད་ཆེན་པོ་འབྱུང་འགྱུར་བ།།ནོར་བུ་རིན་ཆེན་མ་བརླག་གམ།།འོན་ཏེ་ཡོད་པར་མི་ཤེས་སམ།།
129b5 འདི་ནི་ཆད་པར་འདུག་གོ་མ་ཅི།དེ་སྐད་བ་ཤེས་གཉེན་མཆོག་དེས་སྙན།།དེ་ཆེད་ཡོས་སླར་སྨན་པོ།།དོ་ནི་སྲིད་ཆེན་པོ་འབྱུང་བ་དེ།།ཡོད་པ་མ་ཤེས་སྟོར་བར་ཚོར།།འདི་དང་ཕྲད་པར
129b6 བྱ་ཡི་ཐབས།།གཤེས་གཉེན་ཁྱོད་ཀྱིས་ལུང་སྟོན་ཅིག།དམ་པ་དེ་ཡིས་དམིགས་བསྟན་པ།།དེ་དང་མྱུར་དུ་ཕྲད་འདོད་ན།།བཙལ་བའི་ཐབས་ལ་བརྩོན་བྱ་དགོས།།ས་མཁན
129b7 དམ་པས་དམིགས་མཚོན་ཏེ།།མུན་སྣང་ཁམས་དང་ས་ཁམས་དང་།།སྣ་ཚོགས་ལམ་རྣམས་བགྲོད་བྱས་ནས།།བཅོལ་ཀྱང་གཞན་ནས་མི་རྙེད་དེ།།རང་གིས་ཁམས་ཉིད
iiif viewer powered by OpenSeadragon
129a - 130a