e-texts navigator
Collection
Volume
Page
Wylie

129a1 མཱ་མོད་པ་རུ།།སྦྲུལ་བའི་དྷས་ནརྀ་ཀཱར་བྱུང་བ།།བདག་ཀྱང་དེ་བཞིན་གྱི་འཕྲུ་མྦུ་སྤྱད་སྨོས་བཟླས་སྷོ།།ས་སྱ་རྒྱུ་སྨྲ་དུ་མོ་དགོ་ས་པ་འདུས་པར
129a2 མདོ་ཆེན་པོ་ལས་གང་གི་གདུང་བ་སེལ་བར་འགྲོ་བའི་ལེའུ་སྤྱི་བཞི་པའོ།།།དེ་ནས་དེའི་རྒྱུ་དེ་ཉིད་དུ།།གནོད་འདུལ་རྒྱུལོ་བློས་ཧཱུཾ་གསུངས་ནས།།མི
129a3 གནས་ཀྱི་འཇིག་རྟེན་ཁམས།།གླིང་བཞི་པ་ལས་འཛམ་གླིང་གི།དྲག་ཤུལ་ཅན་ཞེས་བྱ་བའི་རི།།གནོད་སྦྱིན་འདུ་བའི་ས་ཡིན་ཏེ།།ཆོས་འཛིན་རིགས་ཀྱི་གྲུབ་གནསུ།།ཐུག
129a4 རྗེས་ལ་མངོན་སྤྲུལ་གཤེགས།།ས་རྣམས་ཡོངསུ་གཡོས་འགྱུར་ཏེ།།རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས།།ཐམས་ཅད་སྦྱངས་ཏེ་བདེ་བར་སྣང་།།སྔོན་དུ་སྣང་བའི་སྐལ
129a5 ལྡན་ཅན།།དམན་པའི་ལུས་འཛིན་དམ་པའི་རིགས།།མི་ལས་རྒྱལ་རིགས་དུ་མི་ཚེ།།རྒྱལ་བུ་རྒྱལ་བྱིན་ལྟས་སུ་ཤར།།དེ་རྒྱུ་དམ་པའི་རིགས་ཅན་རྣམས།།དགའ་བ
129a6 བཅས་ཐེ་ཚོམ་སྐྱེས།།སྤོབས་པ་ཆེན་པོའི་དྲི་བ་དྲིས།།ེ་མའོ་ངོ་མཚར་རྨད་རེ་ཆེ།།སྐྱེས་བུ་ཆེན་པོ་ཁྱེད་སུ་ཞིག།གང་ནས་བྱོན་ཏེ་གང་ལྟར་བྱུང་།།གང་ལ་བརྟེན་ནས་གང
129a7 དུ་བྱོན།།དོན་གྱི་ཆད་ཀ་ཅི་ཞེས་དྲིས།།ཆོ་འཕྲུལ་ཆེན་པོས་འདི་སྐད་དུ།།ང་ནི་ཅིས་ཀྱང་མི་བསྐྱོད་དེ།།མི་འཁྲུག་རྡོ་རྗེ་སེམས་དཔའ་ཡིན།།སྙིང་རྗེས་གཡོ་ཞིང་བསྐྱོད་པས




iiif viewer powered by OpenSeadragon

128b - 129b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo