| | e-texts navigator
|
128b1 ནས།།ཡང་དགྲ་དོན་ལ་དགོད་པའི་རིགས།།དེ་སྐད་རྣམ་པར་བསྐུལ་བ་ལས།།དཔའ་བོ་རྡོ་རྗེ་འཛིན་རྒྱལ་པོས།།གདུལ་དཀའ་འདུལ་ལ་མཁས་པའོ།།འཇིག་རྟེན་ཀུན
128b2 ལུ་རྒྱལ་བའི་མཆོག།གསང་བའི་རྟགས་འཛིན་རྡོ་རྗེ་ཅན།།དགྱེས་ཤིང་གདན་ལས་བཞེངས་ནོས་ནི།།ཆོ་འཕྲུལ་ཆེན་པོ་ཀུན་བསྟན་ནས།།འཇིག་རྟེན་ལོག་པ
128b3 གཙོ་བོ་རྣམས།།སྐལ་དང་ལྡན་པར་ལུང་བསྟན་པ།།ལེསཱ་དང་སྐ་ལྔ་པར་རབ་ལྡན་ཞིང་།།རྒྱལ་བས་འབྱུང་བར་ལུང་བསྟན་པའི།།བསོད་ནམས་ཆེན་པོའི་སྐལ་ཅན་རྣམས།།
128b4 སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན།།ད་ལྟར་དུས་ལ་འདིར་བབ་གྱིས།།འཁོར་བྱའི་སྙིང་པོར་ལུང་བསྟན་ཕྱིར།།ཆོ་འཕྲུལ་རྣམས་ཀྱི་བྱིན་བརླབས་ཀྱིས།།བསྟན་པའི
128b5 སྙིང་པོ་དམ་པ་ཞིག།ཇི་ལྟར་བ་ཤད་ཅིང་ལུང་བསྟན་བཞིན།།སྒྲལ་ལྡན་ཅན་ལ་བགྲོ་བར་བྱའོ།།དྲག་ཤུལ་ཅན་ཞེས་བྱ་བའི་རི།།དགོན་པོ་ཆེན་པོའི་གནས་འདི་ནི།།
128b6 ཤེས་སྙིང་པོ་ཅན་རྣམས་ཀྱི།།ཐེག་ཆེན་གསང་བ་འབྱུང་བའི་གནས།།ཐེག་མ་ཐ་མཱའི་དུས་མེད་པར།།དམ་པ་རྣམས་ཀྱིས་བསྔགས་པ་ཡིན།།ཐོག་མ་ཐ་མ་མེད་པ
128b7 ཡི།།རྒྱལ་བ་དཔག་ཏུ་མེད་པ་ཡིས།།དམ་པའི་དགོན་གནས་ཆེན་པོ་དེར།།སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན།།བསྟན་པ་དེ་ལྟར་བདག་གིས་ཀྱང་།།ཐོག་མ་ཐ
iiif viewer powered by OpenSeadragon
128a - 129a