e-texts navigator
Collection
Volume
Page
Wylie

128a1 འཕྲུལ་གྱི་བློ་དང་གྲོས་སྟོར་ན།།བློ་དང་གྲོས་ནི་གང་ནས་བཙལ།།ངེས་པའི་དོན་འདི་མ་རྙེད་ན།།ད་ཡོང་ངོས་དོན་གང་ལྔས་གཟུང་།།མཆོད་གནས་ཡིད
128a2 རྟེན་མི་བཞུགས་ན།།སྐུ་གདུང་ཇི་ལྟར་འགྱུར་ཞིག་སུ།།སླད་ཀྱིས་མཆོད་གནས་ཅི་ལ་བགྱི།།ད་ལྟར་སྟོན་པ་འདྲེས་འོག་ཏུ།།གདུང་འཚོ་བ་སྐྱེས་བུ་འབྱུང་འགྱུར་རམ།།ེ
128a3 མའོ་ཀྱི་ཧུད་ཨེ་མའོ་བློང་ཞེས་ཡོངསུ་གདུང་བ་བཏོན་ཏོ།།སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐོག་མར་དམ་པོས་གདུང་བ་གཏོན་པའི་ལེའུ་སྟེ།
128a4 གསུམ་པའོ།།།དེ་སྐད་སྨྲས་ཏེ་གདུང་བ་ལས།།སྲིད་གསུམ་འགྲོ་བའི་གཉེན་གཅིག་པ།།རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསན།།སྙིང་རྗེའི་བདག་པོ་དེ་དག
128a5 ཀུན།།ལྕང་ལོ་ཅན་གྱི་ཕོ་བྲང་དུ།།གསང་བའི་བདག་པོ་གནས་སུ་འདུས།།བསྐུལ་བ་ཆེན་པོ་འདི་སྐད་གསུངསོ།།གསུང་བ་པའི་བདག་པོ་ཁྱོད།།སྔོན་གྱི་གོ་ཆ་ཡལ
128a6 ལམ་ཅི།།།འཇིག་རྟེན་སྡུག་བསྔལ་མི་ཤེས་སམ།།སྙིང་རྗེའི་ས་ལ་བབས་ནས་ཀྱང་།།འཇིག་རྟེན་གདུང་བ་གསལ་བའི་རིགས།།སོ་སོའི་རིགས་ཀྱི་ཆ་གཟུང་བས།།མ
128a7 རུངས་པ་དག་ཀུན་བཏུལ་ཏེ།།འདོད་ཁྲིད་ཐབ་སུ་ཚིག་རྣམས་ཀྱིས།།ལས་ཀྱི་ཆ་དང་སྤྱོད་འཐུན་པར།།འདུ་ཤེས་བསྒྱུར་བ་བྱས་ནས་ནི།།བཀ་ཡི་འགྲོ་བ་བཤད་སྦྱར




iiif viewer powered by OpenSeadragon

127b - 128b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo