| | e-texts navigator
|
127a1 པའི་ངངོས་སྨྲེ་སྔགས་ཀྱི་གདུང་བ་བཏོན་པ་ནི་འདི་ལྟ་སྟེ།ེ་མའོ་ཀྱ་ཧུད་ཨ་མའོ་བློང་།།སྟོན་པའི་སྒྲོན་མའི་འོད་ནུབ་ན།།འཇིག་རྟེན་མུན་པ་གང་གོས
127a2 སེལ།།ཚད་མའི་ཞལ་དེ་མི་བཞུགས་པས།།རྗེད་མས་གསུངས་པའི་བསྟན་པཱ་ལ།།འཇུག་པར་འཚལ་བའི་འགྲོ་བ་རྣམས།།ལོག་པར་འཇུག་པར་མི་འགྱུར་རམ།།ཚད
127a3 མར་དམ་བཅས་གང་ཟག་གྲིས།།ངེས་མ་རྙེད་པའི་གང་ཟག་ལོ།།ཕན་པར་བྱ་ཕྱིར་བཀའ་བཀྲོལ་བྱས།།གཏན་ལ་ཕེ་བྲས་པར་འགྱུར་ཞིག་གུ།ལེགས་ཉེས་འབྱེད་པའི
127a4 སྤྱན་ཟུམ་པས།།བཀའ་ཉིད་ཁྱད་དུ་གསོད་པའི།།སྐྱོན་གྱི་སྤྱི་གཙུག་མཐར་ཕྱིན་པས།།ལོག་སྟོབས་འཕེལ་བར་མི་འགྱུར་རམ།།ལོག་པའི་བསྟན་པའི་སྤྲིན་འཁྲིགས
127a5 པོས།།བདེན་པ་གཉིས་ཀྱི་ཉི་ཟླ་ནུབ།།འཕྲོ་བཱ་གང་ཞིག་ལམ་ཚོལ་བ།།མུན་པར་འཁྱམས་པར་མི་འགྱུར་རམ།།སྟོན་པ་མྱ་ངན་འདས་འོག་ཏུ།།བདུད་དང་སྲིན་པོ
127a6 མུ་སྟེགས་དང་།།གནོད་སྦྱིན་འབྱུང་པོ་མི་མ་ཡིན།།མ་རུངས་བདུག་པ་གསུས་འདུལ་འགྱུར།།དྲི་མེད་བསྟན་པའི་བདུད་རྩི་འདི།།ནུབ་ན་ཤིན་ཏུ་མ་རུང་ན།རྩལ་དང
127a7 ལྡན་པ་སུ་ཞིག་གིས།།འབར་ཞིང་སྣང་བར་བྱེད་པར་འགྱུར།།བསླབ་པ་དམ་པའི་རིན་པོ་ཆེ།།བྲལ་ན་ཤིན་ཏུ་མ་རུང་ན།།སྐྱེས་བུ་དམ་པ་གང་ཞིག་གིས།།ཚུལ་རྣམས
iiif viewer powered by OpenSeadragon
126b - 127b