| | e-texts navigator
|
125b1 བཀོད་པ་ན་ཡང་འབྱུང་།གང་གིས་དྷེས་པཱ་སྣད་པ་ན་ཡང་འབྱུང་།སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་།དགོངས་པ་ངེས་པར་འགྲེལ་པ་ན་ཡང་འབྱུང་།གདུལ་བྱ་སྐངས
125b2 ལ་བབ་པའི་ཆེད་ནི་ཡང་འབྱུང་།བྱིན་གྱི་བརླབས་ལས་སྟོང་བ་ན་ཡང་འབྱུང་།།རྒྱུད་པི་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་།གླང་གི་ཆེད་དུ་མཛད་པ་ན་ཡང་འབྱུང་།ལུང་རྐྱེན
125b3 ངེས་པར་བསྟན་པ་ནི་ཡང་འབྱུང་།ལས་རྒྱུད་ཡོངསུ་གཅོད་པ་ན་ཡང་འབྱུང་།དགོངས་པ་རྣམ་པར་འགྲོ་བ་ན་ཡང་འབྱུང་།དེ་དག་ནི་ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་དུ
125b4 ཀུན་ཏུ་ཡོངསུ་རྣམ་པར་སྣང་ངོ་།།སྣང་བར་གྱུར་ཏོ།།སྣང་བར་འགྱུར་ཞེས་བཀའ་སྩལ་པས་དྲི་བ་དང་པོའི་ཡོངསུ་རྟོག་པ་ཆད་དོ།།དེ་ནས་ཡང་སྟོན་པས་དྲི་བ་གཉིས་པ་དཀར་སྣ
125b5 པ།རིག་པ་འཛིན་པ་ཆེན་པོ་བློ་དང་ལྡན་པར་བྱའོ།།གྲོས་ཀྱིས་ཆོད་པར་བྱའོ།།ཐབས་ཀྱིས་ཟིན་པར་བྱའོ།།བསམ་པ་དག་པར་བྱའོ།།བརྗོད་པ་དྲང་པོར་བྱའོ།།སྤྱོད་པ་ལེགས་པར
125b6 བྱའོ།།དོན་བཙལ་བར་བྱའོ།།དགོས་ཆེད་བརྟོག་པར་བྱའོ།།ངེས་པ་རྙེད་པོར་བྱའོ།།བདྲེན་པར་སྨྲ་བར་བྱའོ།།ཚིག་མི་འགྱུར་བར་བྱའོ།།ཇི་སྐད་སྐྱེས་པ་བཞིན་དུ་བྱའོ།།སྒོ་གསུམ
125b7 ལ་མ་ངེས་པར་བྱའོ།།སྔགས་གསུམ་ལ་བསླབ་པར་བྱའོ།།གྲོང་ཁྱེར་གསུམ་གཤིག་པར་བྱའོ་ཞེས་བཀའ་སྩལ་པས།དྲི་བོ་གཉིས་པའི་ཡོངསུ་རྟོག་པ་ཚོད་དོ།།དེནས
iiif viewer powered by OpenSeadragon
125a - 126a