| | e-texts navigator
|
125a1 འཐུན་འཇུག་ཏུ།།འདའ་བས་ཡོངསུ་འདུལ་བར་དགོངས།།ཁྱོད་ནི་འཇིག་རྟེན་སྒྲོན་མར་ཤར།།ལྷ་མྀའི་འཇིག་རྟེན་ཐམས་ཅད་ཀྱི།།མུན་པའི་དཀྱིལ་འཁོར་ཀུན་བསལ།
125a2 ནས།།སེམས་ཀྱི་དཀྱིལ་འཁོར་གསལ་མཛད་དེ།ས་དང་རྣམ་ཐར་ལ་སྤྱད་པ་སྷོ།།བྱང་ཆུབ་ཐོབ་པར་འགྱུར་བ་ཡི།།འདྲེན་པའི་ཐེག་པ་རྣམ་གསུམ་ལ།།གང་དག་རིམ་པར་བཀོད
125a3 ལགསུན།།མཉམ་པས་བླང་དོར་མེད་སྤྱོད་ཅིང་།།བྱང་ཆུབ་གཞན་ནས་མི་འཚོལ་བའི།།ཐབས་མཆོག་དཔག་གིས་མི་ལང་བའི།།ངེས་པའི་ཐེག་ཆེན་ཡོངས་མུ་གསུམ།།རྒྱལ
125a4 བའི་དགོངས་པ་ཚིག་གསུམ་པོ།།གླིདམ་དག་ལུང་དུ་མེ་བཞག་ནི།།བློ་ཆུང་མུན་པས་རྨོངས་པ་རྣམས།།ངེས་པའི་བློ་གྲོས་གང་ལ་བཞག།རྣམ་པར་ཐར་པའི་ཐེག་པ་གསུམ
125a5 གད་བསྡུས་གང་ལ་ག་གྲི་བསྡུ།།འཇིག་རྟེན་གསལ་བའི་ཉི་ནུབ་ན།།སྒྲོན་མ་གངྒ་གིས་མཛད་པར་འགྱུར།།བསྟན་པ་འཇིག་པའི་ལོག་སྡུ་བ།།རྒོལ་བ་གང་གིས་ཚར་གཅོད
125a6 འགྱུར།།དེ་སྐད་ཅེས་གསོལ་པ་དང་།།བཅོམ་ལྡན་འདས་ཀྱི་སྲ་བཀའ་སྩལ་པ།རིག་པ་འཛིན་པ་ཆེན་པོ་ལགསོ།།ཁྱོད་ཀྱིས་དྲི་བ་ལྔ་དྲིས་པ་ནི་ཤིན་ཏུ་ལེག་སོ།།འདི་ལྟ་སྟེ།
125a7 དེ་ཁོ་ན་ཉིད་དུ་ངེས་པའི་ཐེག་པ་ཆེན་པོ་སྟེ།གནས་སྐབས་གཉིས་དང་བཅུར་འབྱུང་བ་སྟེ།གང་རྨོངས་པ་གདུང་བསོལ་བ་ན་ཡང་འབྱུང་།།གང་འཇིག་རྟེན་གྱི་སྒྲོན་མ་ཡོངསུ
iiif viewer powered by OpenSeadragon
124b - 125b