| | e-texts navigator
|
124b1 དགྲ་ཡོད་དོ་ཞེས་གསུངས་པ་དང་།རྫུ་འཕྲུལ་ཅན་དེས་ཆོས་ཀྱི་སྐད་ཅིག་གིས་གོ་བར་བསྒྲགས་ནས་ཐམས་ཅད་བསྡུས་པ་ནི་འདི་ལྟ་སྟེ།རྒྱལ་པོའི་ཞིང་འགྱུར་རིས་དྲུག་གང་སུ་དག།
124b2 འདི་པར་དྲས་ཤིང་ཕྱོགས་པ་ཀུན་ཉོན་ཅིག།དེང་འདིར་རྒྱལ་བ་བདུད་རྩི་གསུམ་འཇོག་གིས།དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཅིག།དེ་སྐད་ཅེས་བསྒྲགས་པས
124b3 དམ་པའི་རིགས་ཅན་ལྔ་མ་གཏོགས་འདི་ལྟ་སྟེ།སྔགསོ་ཀྱི་བསམ་གཏན་ཆེན་པོའི་ནང་དུ་ཡང་དག་འཇོག་པ་བསྐུལ་བ་ཆེན་པོ་ལང་ཀྭའི་མངའ་བདག་བློ་གྲོས་ཐབས་ལྡན་ལ་སོགས
124b4 པ་ལས་གཞན་ཐམས་ཅད་འདུས་པར་གྱུར་ཏོ།།དེ་ནས་འདུས་པ་དེ་དག་ལས་བཀའ་སྩལ་པ།ཀྱེ་གྲོགས་པོ་དག་ཤོས་པར་གྱིས་ཤིག།ཆོས་ཐམས་ཅད་ནི་མི་རྟག་པའོ།།འབྱོར
124b5 པ་ཐམས་ཅད་ནི་མཐར་ཆུད་པའོ།།དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ།།གང་ཟག་གི་སྲོག་གི་དབང་པོ་ལ་སྐྱེ་ཞིང་ཡོད་པའི་ཕྱིར་ང་ཡོངསུ་མྱ་ངན་ལས་འདའ་བས་སུ་དོག
124b6 ཐེ་ཚོམ་མ་མཆོད་པ་རྣམས་དྲི་བ་གྱིས་ཤིང་།།དེ་སྐད་ཅེས་བཀའ་སྩལ་པ་དང་།འཁོར་དེང་འདུས་པར་གྱུར་པའི་རིག་འཛིན་གྱི་རྒྱལ་པོ་ཀུན་རྡོར་ཞེས་བྱ་བ་དེ་རང་གི་སྟན་ལས་ལངས
124b7 ཏེ།སེང་གེའི་ལྟ་སངས་ཀྱིས་སྟོན་པའི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གསོལ་ཏོ།།ཁྱོད་ནི་ན་མཁའི་རང་བཞིན་ཏེ།འདས་དང་མི་འདའ་ཡོད་མི་མངའ།།འཇིག་རྟེན་པ་ལ
iiif viewer powered by OpenSeadragon
124a - 125a