e-texts navigator
Collection
Volume
Page
Wylie

124a1 ཐ་མ་མྱེད་པ་ནས་བརྗོད་ཀྱིས་མི་ལང་བའི་ཁམསུ་བསྐུལྔ་པ་ཐོ་མྱ་ཐ་མ་མེད་པ་བརྗོད་ཀྱིས་མི་ལང་པའི་སྐབས་ལ་རྟག་པར་རྒྱུན་གྱི་འཁོར་མོ་འབྱུང་།
124a2 ཞིང་སྒྲོན་མའི་བྱ་བས་ལྷ་མིའི་འཇིག་རྟེན་གྱི་མུན་པ་བསལ་ནས་སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱས་ཏེ།ཉི་ཟའི་དཀྱིལ་འཁོར་ནུབ་པ་ལྟར་ཡོ་ངསུ་མྱ་ངན་འདའ་ཞེས
124a3 ཐམས་ཅད་ནས་ཐམས་ཅད་དུ་ཡོངསུ་གྲགས་ཤིང་རྣམ་པར་སྣང་ངོ་།།སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐུན་མོང་བཅའ་བཞིའོ་ལེའུ་སྟེ་དང་པོའོ།།
124a4 དེ་ནས་ཇི་ལྟར་དེ་ལྟར་འདི་ལྟར་མི་འཇེད་ཅེས་བྱ་བའི་འཇིག་རྟེན~ཾ་གྱི་ཁམས་ན་བཞུགས་པའི་སྟོན་པ་རྡོ་རྗེ་ཐུབ་པའི་དབང་པོ་དེ་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ལ་བྱུང་སྟེ།ཡུན་ཧ་ཅང
124a5 མི་རིང་བ་ཞིག་བཞུགས་ཏེ་ཡོངསུ་མྱ་ངན་ལས་འདས་པར་དགོངས་ནས་ཡུལ་ཡངས་པ་ཅན་ཞེས་བྱ་བར་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་པར་དབྱེར་གྱི་ངོ་བོ
124a6 གསུམ་འདས་ནས་འཇིག་རྟེན་གྱི་སློབ་མ་ལ་གདམས་དག་གསུམ་བཞག་པའི་སླད་དུ་འཁོར་འདུས་པ་རྣམས་ཀྱི་ནང་ན་རྫུ་འཕྲུལ་ཆེར་སྤྱོད་ལ་བཀའ་སྩལ་པ།།རྫུ་འཕྲུལ
124a7 ཅན་ཁྱེད་དེང་ལ་འཇིག་རྟེན་དྲུག་གི་ཕྱོགས་བཙུ་ན་པའི་སློབ་མ་གང་དག་འཁོད་པ་འདྲེ་པར་ཕྱོགས་པ་དག་གང་ཇི་སྙེད་པ་རྣམས་བསྡུས་ཤིག།ངེས་པར་བཞག་པར་བྱ་བ




iiif viewer powered by OpenSeadragon

123b - 124b

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo