e-texts navigator
Collection
Volume
Page
Wylie

123b1 དུ་བྱུང་བ་པོ་དང་།རིགསུ་ངེས་པ་དང་།ཆོསུ་ཤེས་པ་དང་།ཆོས་ལུགས་པ་དང་།རྒྱལ་འཆབ་པ་དང་།རིགས་ཐམས་ཅད་པ་དང་།གཟུངས་སྔགས་པ་དང་།རིགས་སྔགས་པ་དང་།
123b2 གསེང་སྔགས་པ་དང་།རིགས་གསུམ་པ་བཞི་པ་ལྔ་པ་དང་།ཚོགས་པ་པ་དང་།སྦྱོར་བ་པ་དང་།མཐོང་བ་པ་དང་།སྒོམ་པ་པ་དང་།མཐར་ཕྱིན་པ་པ་དང་།འདུན་པའི་རྣལ་འབྱོར
123b3 པ་དང་རིགས་ཆེན་འབྱེད་པའི་རྣལ་འབྱོར་པ་དང་།དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ་དང་།ལུང་ཆེན་ཐོབ་པའི་རྣལ་འབྱོར་པ་དང་།རྩ་ལོ་ཆེན་རྫོགས་པའི་རྣལ་འབྱོར་པ་དང་།
123b4 ཚིག་གི་ཚོགས་པ་དང་།ཡི་གེའི་ཚོགས་པ་དང་།མིང་གི་ཚོགས་པོ་དང་།བརྡའི་ཚོ་གས་པ་དང་།ཐ་སྙད་ཀྱི་ཚོགས་པ་ལ་སོགས་པ་ཤེ་དག་གོ།དེ་དག་ལས་གཞི་གསུམ་པ་ནི
123b5 གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་གོ།།སྤྱོད་པ་དང་།གནས་པ་དང་།ཐོབ་པ་དང་།ཕྱིར་ལྟ་བ་དང་།ཡོངསུ་རྫོགས་པའོ།།དེ་ཀུན་ཏུ་བསྒྲལ་གནས་པ་དང་།ས་ལ་གནས་པ་དང་།
123b6 ཆེ་ལ་གནས་པ་དང་།ཕྱག་རྒྱ་ཆེན་པོ་དང་ལྷུན་གྱིས་གྲུབ་པར་གྱུར་པ་འབའ་ཞིག་གོ།དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཐ་དད་པ་བསམ་གྱིས་མི་ཁྱབ་པའི་ཛམྦུའི་གླིང་ཐ་དད་པ
123b7 བྱེ་བ་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་དང་བཅས་པ་མཐའ་ཡས་པར་འཇིག་རྟེན་གྱི་སྒྲོན་མ་བྱེ་བ་མཐའ་ཡས་པར་ཤར་བ་དེ་དག་ཀྱང་འཁོར་བ་ཐོག་མ




iiif viewer powered by OpenSeadragon

123a - 124a

Texts on this page

N745 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo