| | e-texts navigator
|
121a1 བྱ་བའི་མདོ།།།།བྱམ་པོ་དང་པོ་སྟེ་ཐོག་མ་ཟུག་པ།བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བྱ་ཉིད
121a2 ལ་ཕྱག་འཚལ།།འདི་སྐད་འགྲོ་བ་བདག་གིས་ཐོས་པ་དུས་ཅིག་ན།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདིས་གསེང་བ་པའི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ཇི
121a3 སྐད་དུ་རྣམ་པར་འགྲོ་བའི་སྐྱེས་བུ་སྨྲ་བའི་སེང་གེ་དེ་འདི་ལྟར་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་ན་འཁོད་ཅིང་སེམས་ཅན་གྱི་རིས་ཐ་དད་པ་ན་བཞུགས་ཏེ་བསམ
121a4 གྱིས་མི་ཁྱབ་པ་བསམ་དུ་མེད་པའི་ཆོས་དཔག་ཏུ་མྱེད་པའི་རྒྱུལ་བ་ཀུན་གྱིས་བསྔགས་པའི་འདྲོ་འབྲལ་མེད་པའི་གཟུངས།ཐམས་ཅད་རིག་པ་གསང་སྔགས་ཀྱིང་པོ
121a5 ཇི་སྙེད་པའི་ཇི་བཞིན་པ།ཆོས་ཐམས་ཅད་ཀྱི་མེ་ལོང་དེ་ཉིད་མི་འཕྲུལ་བདུ་ཉན་ཅིང་མ་ནོར་བར་སྟོན་ཏེ་རྣམ་པར་འགྲོ་བ་ནི་འདི་ལྟ་སྟེ།སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས
121a6 མངོན་པར་དགའ་བ་ཞེས་བྱ་བ་རྡོ་རྗེ་འོད་ཟེར་གྱིས་རྣམ་པར་བརྒྱན་པ་ན་རྡོ་རྗེ་ཕུང་པོའི་རི་བོ་ལ་སྐྱེས་བུ་ཆེན་པོ་སེམས་དཔའ་རྡོ་རྗེ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས
121a7 ཡའི་འཁོར་དང་བཅས་ཏོ།།སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉོན་འཁོར་ལ་དེ་བཞིན་སྟོན་ཏེ།ཡོངསུ་འདས
iiif viewer powered by OpenSeadragon
120b - 121b