e-texts navigator
Collection
Volume
Page
Wylie

120a1 སྣང་བ་དན་ལ་སྒྲོ་དང་སྦྱར་བ་དྲལ།།གཅིག་མི་འགལ་དོན་དུ་གང་བསྟོན་པ།།མ་བཅོས་དོན་གྱི་ལྷུང་དུ་བསྟན་པ་ཡིན།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ
120a2 པོས་ལུང་བསྟན་པ།།སྐྱེ་མེད་བྱང་ཆུབ་སེམས་དང་ལྡན་པའི་དོན།།གཉིས་མེད་སྙིང་པོར་རོ་གཅིག་གནས་པ་ལ།།ཀུན་གྱི་མེད་ནི་མདོ་རུ་བསྟན་པ་ཡིན།།ཀྱེ་མ་རིག་པའི་མུན་པ
120a3 སེལ་བ་ཡིན།མེ་ཤོས་སྣང་བ་མཆེད་པར་བྱེད་པ་ཡིན།།སྡུག་བསྔལ་རྒྱ་མཚོ་གཅོད་པར་བྱེད་པ་ཡིན།།སྙིང་པོ་དོན་ལ་གོམས་པར་བྱེད་པ་ཡིན།།ཀྱེ་ངས་ནི་མ་རིག་པ
120a4 དམིགས་བསལ་ནས།།སྐྱེ་མེད་བྱང་ཆུབ་སེམས་ནི་མངོན་བསྟན་ནཱ།།སྐལ་ལྡན་རྣལ་འབྱོར་མིག་དང་ལྡན་པ་དག།བྱ་བ་མེད་པར་རང་བཞིན་གྲོལ་བར་འགྱུར།།ཐེག་པའི་ཡང་སྙིང
120a5 བཀའ་ཡི་རྫོགས་ཆེན་འདི།།མན་ངག་སྙིང་པོ་ལུང་དང་ལྡན་རྣམས་ཀྱིས།།རང་བཞག་བདེ་བར་གནས་ན་གེསལ་བར་འགྲུབ།།མ་བཅོས་མི་འགྱུར་འཇུག་ཅིང་རྩོལ་བ་མེད།
120a6 ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།།ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་།།སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ།སྐྱེ་བ་མེད་པར་སྟོན་པའི་སེམས་རྒྱུད་འདི།།དུས་གསུམ
120a7 རྒྱལ་ལོ་སྔོན་ཚད་མི་གསུངས་ཏེ།།ཕྱེ་མ་མེ་གསུང་ད་ལྟང་སྟོན་མི་མཛད།།ཀུན་བྱེད་རྒྱལ་པོས་འཕོ་འགྱུར་མི་མངའ་བོས།།སྡེ་བར་གསུངས་ཤིང་ཕྱིས་ཀྱང་གསུང་འགྱུར




iiif viewer powered by OpenSeadragon

119b - 120b

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po