| | e-texts navigator
|
119b1 མེད་པ་དང་།།མ་བཙལ་ལྡན་གྱི་གྲུབ་པའི་དོན་ལྡན་པས།།འདི་ལ་བརྟུལ་ཞིང་སྒྲུབ་པ་མོ་མངའ་སྟེ།།བྱང་ཆུབ་སེམས་ཞེས་ངེས་པར་བསྟན་པ་ཡིན།། མ་འདོད་ནས་གྲུབ་པའི་ཆོས་ཉིད
119b2 ལ།།རྒྱུ་དང་རྐྱེན་མེད་བཅོལ་མེད་སྙིང་པོ་འདི།།མེ་བསྒྲིབས་ཀུན་ལ་ཕྱོགས་རིས་མེད་གསལྟ་བས།།རང་འབྱུང་ཡེ་ཤེས་ཞེས་སུ་བསྟན་པ་ཡིན།།ཀྱེ་ཇི་ལྟར་སྣང་བའི་ཆོས་རྣམས
119b3 ཐམས་ཅད་ཀུན།།མུ་བཅོས་ཇི་བཞིན་ད་ལ་ཀུན་སྣང་བས།།ཕྱོགས་རིས་གཉིསུ་ཆད་པའི་དོན་མེད་དེ།།བཀའ་ཡི་འབྲེལ་པ་ཆོས་ཀྱི་མེ་ལྷོང་ཡིན།།ཀྱཻ་ཇི་བཞིན་མ་བཅོས་སྙིང
119b4 པོ་རྣལ་མ་ལ།།འཁོར་དང་མྱ་ངན་འདས་པ་འབྱུང་སྡུད་པ།།བླང་དོར་འཛིན་ཆགས་བརྒྱ་ལས་རྣམ་གྲོལ་ཏེ།།སྙིང་པོ་དོན་གྱི་ཐེག་པ་བསྟན་པ་ཡིན།།ཀྱེ་འདས་དང་མ་བྱོན་ད་ལྟར་རྒྱལ་བ
119b5 ལ།།ཀྱེ་མེད་འོད་ལས་ཀྱེ་བ་མ་གཟིགས་པས།།མི་བཅོས་ཐིལ་ལེ་གཟུང་འཛིན་ལས་འདས་པས།།ལྟ་བའི་མེ་ལོང་ཞེས་སུ་བསྟན་པ་ཡིན།།ཀྱེ་ང་ནི་མ་བཅོས་རྔ་བཞིན་པོ་ལ།།སྐྱོ
119b6 འདོགས་སྐུར་འདེབས་དོན་ལས་ཀུན་འདས་ཏེ།།དུས་གསུམ་རྒྱལ་བ་ང་ལས་བྱུང་བས་ན།།རྒྱལ་བའི་ཡུམ་ཞེས་ངེས་པར་བསྟན་པ་ཡིན།།ཀྱེ་མ་བཅོས་སྐྱེ་མེད་ཀུན་བྱེད་རྒྱལ་པོ་ལ།།
119b7 མ་བཙལ་དགོས་པའི་ཡོན་ཏན་ཚོང་རྫོགས་པས།།བཙལ་ཞིང་བསྒྲུབ་པ་ཀུན་ལས་འདས་པས་ན།།རྒྱུད་ཀྱི་རྒྱལ་པོ་ཞེསུ་བསྟན་པ་ཡིན།།ཀྱེ་མ་བཅོས་དོན་ལ་མ་ནོར་བློ་འཇོག་པས།།།
iiif viewer powered by OpenSeadragon
119a - 120a