| | e-texts navigator
|
119a1 ལ།།དུས་མིན་འཚོ་དང་འཇིགས་པའི་དབང་གྱུར་ནས།།སྒོ་སྐུར་དབང་གིས་སྙིང་པོའི་ཐོག་པ་ནུབ།།དེ་བས་རིགས་ངན་གང་ཟག་སྤང་བར་བྱ།འཇིག་རྟེན
119a2 ཞེན་པ་དབྲལ་ཞིང་རྒྱུད་བརྟག་ཕྱིར།།ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ།།ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་ནས།།སྙིང་པོ་དོན་བསྟན་ཀུན་བྱེད་རྒྱལ་པོ་སྦྱིན
119a3 ཞེས་གསུངསོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྟན་པ་གང་ལ་བཞག་པའི་ལེའུ་སྟེ་བརྒྱ་བཅུ་རྩ་གསུམ་པའོ།།།།དེ་ནས་བྱང་ཆུབ་ཀྱི་སེམས
119a4 ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་ལེགས་པར་མདངས་ཕྱུང་སྟེ་འདུན་ནས་ཞུས་པ།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལེགས།།ཉིད་ཀྱི་ཐུགས་གཅིག་རང་འབྱུང
119a5 ཡེ་ཤེས་ལས།།སྐལ་ལྡན་དུས་གཅིག་གྲོལ་བར་མཛད་པའི་མདོ།།མཚན་གྱི་ཁྱད་པར་བདག་ལུ་བཤད་དུ་གསོལ་ཞེས་ཞུས་སོ།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད
119a6 རྒྱལ་པོས་མཚན་གྱི་རྣམ་གྲངས་རྣམ་པར་ཕྱེ་བ་འདི་གསུང་སོ།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།མཚན་གྱི་ཁྱད་པར་ཕྱེ་སྟེ་བཤད་པ་ནི།།ཇི་ལྟར་སྣང་བའི་ཆོས
119a7 རྣམས་ཐམས་ཅད་ཀུན།།མེ་ལུས་ཀུན་བྱས་བྱེད་ཅིང་བྱེད་འགྱུར་ཏེ།།ཉིད་ལ་བྱེ་མི་དགོས་ཏེ་ལྷུན་གྲུབ་པས།།ཀུན་བྱེད་རྒྱལ་པོ་ཞེས་སུ་བསྟན་པ་ཡིན།།ཀྱོ་སྙིང་པོ་ལ་དྲི་མ
iiif viewer powered by OpenSeadragon
118b - 119b