e-texts navigator
Collection
Volume
Page
Wylie

118b1 མཚ་ནམས་བདུག་ལ་ཙཾ་བགྣི་སྟེ།།ཐོབ་ན་བྱ་དག་གིས་དཀྲུའ་བསྒྲུབ་བོ་ཞེས།།དམ་བཅའ་ལེགས་པར་གྲནས་ན་བསྟན་པ་སྦྱིན།།ཇི་སྲིད་བདུག་དང་སློབ་དཔོན་འཚོ་བའི་བར།།ལུས
118b2 བསྲོག་གི་འབྲེལ་བ་མ་མཆིས་པདྨ།།ཁྱོད་ཀྱི་བཀའ་བཞིན་བསྒྲུབ་ཅེས་གནས་ཕོར་ལ།།བསྟན་པའི་སྙིང་པོ་ཀུན་བྱེད་རྒྱལོ་པོ་སྦྱིན།།མདོར་ན་ལུས་དང་སོབ་ཀྱང་འབུལ་བྱ་ཞིང་།
118b3 རྫས་དང་ཞིང་ཡུལ་རྐང་འགྲོས་སྨོས་ཅི་དགོས།།གལ་ཏེ་བདག་ལ་དགོངས་པར་མ་གྱུར་ཀྱང་།།དམ་པས་བླངས་ཏེ་དཀོན་མཚོ་གྲ་གསུམ་ལ་འབུལ།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱང
118b4 རྒྱལ་པོ་ཡིས།།སྣད་མིན་ལོག་པའི་གང་ཟག་བསྟན་པ་ནི།།གྲགས་དང་འཇིག་རྟེན་ཆོས་ལ་དགྲའ་བ་དང་།།ང་རྒྱལ་དམ་པར་མི་བཀུར་ཡིད་ཐུང་ལྡོག།འཕྱར་ཞིང་རྫས་དང་དད་པར་མི
118b5 ལྡན་ཏེ།།རང་ཆོད་ཉམས་ལེན་བཙོན་ཐབས་འདོད་པ་དང་།།བསྟན་པ་ཡོངས་ལ་འཕེལ་ཞིང་མི་འཐུན་ཞིང་།།སྒྲོ་སྐུར་བདག་གཞན་གནད་སེམས་བསྒོམ་པ་མིན།།འདི་ལ
118b6 མི་བསྟན་མཆོག་ཏུ་གསང་བར་བྱ།།སྔོན་དུ་རྟགས་དང་དད་པ་བརྟག་བྱའི་ཕྱིར།།རིན་ཆེན་དབྱིག་དང་ཆས་པས་གུས་མནོད་གྱིས།།ཆགས་སེམས་ང་རྒྱལ་གཞན་སེམས་མ་ངེས
118b7 ལ།།དེ་ལ་ཀུན་བྱེང་རྒྱལ་པོ་བསྟན་མི་བྱི།།སྙིང་པོའི་དོན་ལ་བླང་དེར་མི་གནས་ཀྱང་།།མི་མ་ཡིན་དང་འབྱུང་པོས་པར་གཅོད་ཅིང་།།མཁའ་འགྲོ་གྱུར་པ་ཅན་གྱིས་གཉི་ག




iiif viewer powered by OpenSeadragon

118a - 119a

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po