| | e-texts navigator
|
118a1 །སྟོན་པའོ་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།ཇི་ལྟར་སྣང་ཞིང་གྲགས་དཱའི་ཆོས་རྣམས་ཀུན།།རང་འབྱུང་ཡེ་ཤེས་གཅིག་ཏུ་བསྟནུ་པའི་མདོ།།
118a2 ཆོས་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོའི་རྒྱུད།།ཕྱི་རོབས་རྣལ་འབྱོར་གང་དང་གང་དག་ལས།།བསྟན་ཅིང་གདམས་པ་ལེགས་པར་བྱ་ཤཱང་དུ་གསོལ་ཞེས་ཞུས་སོ།།དེ་ནས་བྱང
118a3 ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྐལ་ལྡན་ལ་གད་མོས་པའི་དོན་འདི་གསུངསོ།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་ཉོན་ཅིག་སྟོན་པའི་སྟོན་པ་ཀུན་བྱེད་རྒྱ་ལྔ་པོ་ངས།།
118a4 ཇི་ལྟར་སྣང་ཞིང་གྲ་གཽ་སྔ་པོའི་ཆོས་རྣམས་ཀུན།།ངས་བྱས་བྱེད་དང་བྱེད་འགྱུར་སྙིང་པོའི་དོན།།གཞི་རྩ་ཀུན་འདས་སྙིང་པོ་བྱང་ཆུབ་རྒྱུ།།དགོངས་པ་མངོན་དུ་ཕྱུང་བའི་མདོ
118a5 ལུ་བ་ས།།ངད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་།།སྙིང་རྗེ་ཡི་རང་སྐྱོ་དང་ཡིད་ལྡོག་མེད།།ལུས་དང་བུ་དང་ཆུང་མ་བྲན་དང་ནོར།།གང་ལའང་མ་ཆགས་དད་དང་དགའ་བས
118a6 འབྲུག།འདི་དག་དད་དང་དམ་ཚིག་རྟགས་ཡིན་པས།།སྙིང་པོའི་དོན་དང་ལྡན་པས་སྦྱིན་པར་བྱ།།གྲགས་པ་སྤང་ཞིང་ང་རྒྱལ་བྲལ་བ་དང་།།དམ་པ་སྙིང་པོའི་དོན་ཕྱིར
118a7 ལུས་སྲོག་ཡངས་པ་མེད།།བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ།།སྙིང་པོ་དོན་དང་སྐྱེ་མེད་བསྟན་པ་སྦྱིན།།གང་གིས་སྙིང་པོའི་བསྟན་པ་བདག་ཐོབ་ནོ།།འཇི
iiif viewer powered by OpenSeadragon
117b - 118b